2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ཐོན་ལས་ཀྱི་སྤེལ་རེས་ཚོགས་ཆེན་ཉིང་ཁྲིར་འཚོགས་པ།

  • 2024-11-13
  • ལོངས་སྤྱོད་ནས།
  • 0ཐེངས།

  • ཉེ་ཆར། ཉིང་ཁྲིའི་སྨན་གླིང་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ཐོན་ལས་ཀྱི་སྤེལ་རེས་ཚོགས་ཆེན་འཚོགས་པ་རེད།

    ཚོགས་ཆེན་ལ་གཙོ་དོན་གཏམ་བཤད་དང་། གྲལ་སྒོར་སྤེལ་རེས། ཕྱི་རོལ་གྱི་ལུས་རྩལ་རིག་གནས་མཉམ་འགུལ་དགོང་ཚོགས་སོགས་ལྷུ་ཚིགས་མང་པོ་དབྱེ་ཡོད་ཅིང་། ཚོགས་ཆེན་ཐོག་ཀྲུང་གོ་ལུས་རྩལ་ཐོན་ལས་ཚོགས་པའི་ཏང་ཨུད་ཀྱི་ཨུ་ཡོན་ཙུང་ཚའེ་ལས་རོགས་ཕན་ཧྲི་ཧྭ་ཡིས《ཆོས་ཉིད་ཁོང་དུ་ཆུད་པ་དང་དུས་བབ་དང་བསྟུན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་ལུས་རྩལ་ཐོན་ལས་ཀྱི་སྤུས་འཕར་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཙོ་དོན་གཏམ་བཤད་བྱས་པ་རེད།

    ཚོགས་ཞུགས་འཐུས་མི་གཞན་དག་གིས་ཀྱང“རིག་གནས་ཡུལ་སྐོར་ལས་རིགས་དང་ལུས་རྩལ་མཉམ་འདྲེས་ཀྱི་ལག་ལེན་སྙན་ཞུ”དང“《ཀྲུང་གོའི་ཕྱི་རོལ་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་སྙན་ཞུ(2023-2024)》དང་བོད་ཀྱི་ལག་ལེན་རགས་ཙམ་གླེང་བ”སོགས་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་འཁྲུག་པོ་བྱས་ཏེ། རང་ཉིད་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ལ་ཞུགས་པའམ་ཡང་ན་ཞིབ་འཇུག་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་། གསར་གཏོད་ཀྱི་ཤེས་རྟོགས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་བཅས་དང་ཟུང་འབྲེལ་དམ་ཟབ་ཀྱིས་བསམ་ཚུལ་གླེང་བ་དང་། འཕེལ་རྒྱས་དོན་གཉེར། གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ལུས་རྩལ་ཐོན་ལས་དང་ལས་རིགས་གཞན་དག་གི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ལུས་རྩལ་ཐོན་ལས་ཀྱི་སྤུས་རྟགས་བཏོད་ནས་ལུས་རྩལ་འཛད་སྤྱོད་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་བར་ཐབས་དང་ཇུས་བཏོན་པ་རེད།

    ཚོགས་ཆེན་གྱིས་ད་དུང་རང་ལྗོངས་ཀྱི་ལུས་རྩལ་ཐོན་ལས་ཀྱི་སྤེལ་རེས་མཉམ་ལས་ལ་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་ཀྱིས་ཚོགས་ཞུགས་ཚན་པ་མང་པོ་དང་ཕྱོགས་གསུམ་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ཁག་6བཞག་པ་རེད། སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་ལུས་རྩལ་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཟམ་མི་ཆད་པར་འགྲོ་བ་དང་། ལུས་རྩལ་གྱི་ལྗོངས་སྟོབས་ཆེན་ཧུར་ཐག་སྐྲུན་པར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

  • ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག