བོད་ལྗོངས་ཐན་ཧའེ་ཚད་ཡོད་འགན་འཁྲི་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཧོ་ལི་ཧྥུང་ཏང་གི་ས...
- 2021-01-15
-
- ལོངས་སྤྱོད་ནས།
- 0ཐེངས།
བརྟག་དཔྱད་བྱས་པ་བརྒྱུད། ཕུགས་བསམ་དང་དད་སེམས་མེད་པ་དང་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པའི་ཧོ་ལི་ཧྥུང་གིས་སྒྲིག་འགལ་ངང་ལག་རྟགས་བླངས་པ་དང་། གཏན་འབེབས་གཞིར་བཟུང་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་མ་ཞུས་པ། ལས་གནས་ཐོག་གི་སྟབས་བདེ་སྤྱད་ནས་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་པ། ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་མ་ཟད་གྲངས་འབོར་ཧ་ཅང་ཆེན་པོ་ཡོད་པ་རེད།
ཏང་ཡོན་གྱི་འགོ་ཁྲིད་ལས་བྱེད་པ་ཞིག་དང་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ཧོ་ལི་ཧྥུང་གིས་ཏང་གི་རྩ་འཛུགས་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལས་འགལ་བས། ལས་གནས་ཐོག་ཁྲིམས་ལས་འགལ་བའི་ཉེས་པ་བསགས་ཡོད་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས། དེར་བརྟེན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ལ་ཆོག་མཆན་གནང་རྒྱུར་སྙན་སེང་ཞུས་པ་བརྒྱུད། ཧོ་ལི་ཧྥུང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་ལོངས་སུ་སྤྱོད་བཞིན་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་དང་། སྒྲིག་འགལ་ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཉེས་གསོག་དང་འབྲེལ་བའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་དེ་ཁྲིམས་ལྟར་ཞིབ་བཤེར་གཏུག་བཤེར་བྱ་རྒྱུ་བཅས་ཀྱི་གཏན་འཁེལ་བྱས་པ་རེད།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག