“ཉེན་རྟོག་པའི་དུས་ཆེན་ཉིན་སྐྱེས་སྐར་གཏོང་རྒྱུ་བྱུང་བར་དངོས་གནས་དོན་སྙིང་ཆེན་པོ་འདུག”ཅེས་བཤད།

  • 2021-01-15
  • ལོངས་སྤྱོད་ནས།
  • 0ཐེངས།

  • 802486_yis_1610337461379_s.jpg

    འདི་ནི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དང་པོར་རྟེན་འབྲེལ་ཞུ་ཆེད། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་བར་སྐོར་མངགས་གཏོང་ཁང་གིས་གཉེར་བའི་དམིགས་བསལ་གྱི་མཉམ་སྡེབ་སྐྱེས་སྐར་འདུ་ཚོགས་ཤིག་ཡིན་པ།

    འདི་ལོའི་ཟླ་1ཚེས་10ཉིན་རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་ཚོས་ཁོང་ཚོ་རང་ཉིད་ལ་དབང་བའི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དང་པོ་དེ་བསུས་ཤིང་། གཙུག་ལག་ཁང་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཐན་ཧའེ་ལིན་གྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད། གང་ཡིན་ཟེར་ན་ཉེན་རྟོག་པའི་དུས་ཆེན་གྱི་ཉིན་མོ་དེ་ཏག་ཏག་ཁོང་ལོ་40ལ་སླེབས་པའི་སྐྱེས་སྐར་ཉིན་མོ་རེད།

    དུས་རྒྱུན་དང་འདྲ་བར་ཞོགས་པའི་ཆུ་ཚོད་8དང་སྐར་མ་30ཙམ་ལ་ཐན་ཧའེ་ལིན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་འབྱོར་ནས་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས། “དེ་རིང་ནི་དམིགས་བསལ་གྱི་ཉིན་མོ་ཞིག་རེད། ཉེན་རྟོག་པའི་དུས་ཆེན་ཉིན་མོར་སྐྱེས་སྐར་གཏོང་རྒྱུ་བྱུང་བར་དངོས་གནས་དོན་སྙིང་ཆེན་པོ་འདུག”ཅེས་ཐན་ཧའེ་ལིན་གྱིས་བཤད།  སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་གཙུག་ལག་ཁང་ཐང་ཆེན་དུ་འཛུལ་སར་ཐན་ཧའེ་ལིན་གྱིས་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་ནས་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་ལས་དོན་སྤེལ་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་མ་ཟད། 110གྱི་ཚད་ཡོད་ཐོན་ཁུངས་ཡང་དག་སྤྱོད་པའི་ཐད་འགྲེལ་བཤད་ཀྱང་བརྒྱབ་པ་རེད།

    སྔ་དྲོའི་ཆུ་ཚོད་10དང་སྐར་མ་40ལྷག་ཙམ་ལ་རྒྱུན་གཏན་ལྟར་སྐོར་གཡེང་བྱེད་བཞིན་པའི་ཐན་ཧའེ་ལིན་དང་ཁོང་གི་ལས་རོགས་ཀྱི་འགྲམ་དུ་རྒན་མོ་ཞིག་ཡོང་ནས་དངུལ་ལེན་འཕྲུལ་ཆས་ནས་དངུལ་ལེན་ཤེས་ཀྱི་མི་འདུག་པས་རོགས་པ་བྱེད་རོགས་ཞེས་བཤད་པས་ཐན་ཧའེ་ལིན་གྱིས་འཕྲལ་མར་རྒན་མོ་དེར་རོགས་པ་བྱས།

    དངུལ་བླངས་ཚར་རྗེས་གསར་འགོད་པས་རྒན་མོ་དེར་གསང་བའི་ཨང་རྟགས་ཐད་ཀར་གཞན་ལ་བཤད་ན་སེམས་ཁྲལ་མི་འདུག་གམ་ཞེས་དྲིས།

    རྒན་མོ་དེས“མི་དམངས་ཉེན་རྟོག་པར་རྦད་དེ་ཡིད་ཆེས་ཡོད”ཅེས་ཚིག་ཐག་ཆོད་པོས་བཤད་ནས་ཉེན་རྟོག་པ་ཡག་པོ་འདུག་ཅེས་མཐེ་བོང་ཡང་ཡང་བསྒྲེངས།

    ཐན་ཧའེ་ལིན་གྱིས་གསར་འགོད་པར“མང་ཚོགས་ཀྱིས་ཡིད་ཆེས་འདི་འདྲ་བྱེད་པར་བརྟེན་ང་ཚོས་ལས་འགན་དེ་བས་ལེགས་པ་སྒྲུབ་ཀྱི་ཡིན་ལ་མི་དམངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཡི་ཡིན”ཞེས་བཤད།

    ཉིན་གུང་ཆུ་ཚོད་12དང་སྐར་མ་30ཙམ་དུ་གསར་འགོད་པས་ཐན་ཧའེ་ལིན་དང་མཉམ་དུ་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་བར་སྐོར་མངགས་གཏོང་ཁང་དུ་སྐྱོད་སྐབས་ཟ་ཁང་དུ་སྒྲོག་ཙེ་ཞིག་གི་སྟེང་སྐྱེས་སྐར་ཀེག་ཆེན་པོ་ཞིག་བཞག་ཡོད་པ་མཐོང་བྱུང་། དེ་ནི་བར་སྐོར་མངགས་གཏོང་ཁང་གིས་དེ་རིང་སྐྱེས་སྐར་གཏོང་མཁན་གྱི་མི་དམངས་ཉེན་རྟོག་པར་གཉེར་བའི་མཉམ་སྡེབ་ཀྱི་སྐྱེས་སྐར་འདུ་ཚོགས་ཤིག་རེད། སྐྱེས་སྐར་གཏོང་མཁན་ཉེན་རྟོག་པ་ཚོ་ལོ་ན་མི་འདྲ་ནའང་ཚང་མ་ཟླ་1ཚེས་10ཉིན་སྐྱེས་པ་ཤ་སྟག་རེད། ཁོ་ཚོས་མཉམ་དུ་སྐྱེས་སྐར་ཀེག་གཏུབ་ནས་དམིགས་བསལ་གྱི་སྐྱེས་སྐར་དགའ་གཏོང་བྱས་པ་རེད།

    “ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ནི་རྒྱལ་ཁབ་ཀྱིས་མི་དམངས་ཉེན་རྟོག་པ་ཚོར་ཆེད་མངགས་གཏན་འཁེལ་བྱས་པའི་དུས་ཆེན་ཞིག་ཡིན་པ་དང་། ང་ཚོ་ཉེན་རྟོག་པའི་དཔུང་ཁག་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་རེད་ལ། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས་ཡིད་ཆེས་དང་རེ་སྒུག་ཆུད་ཟོས་སུ་མི་གཏོང་བར། བོད་ཀྱི་ས་གཞིར་གཞི་ཚུགས་ཏེ་དུས་རབས་གསར་པའི་སྤྱི་བདེའི་བྱ་གཞག་ལ་ཚེ་གང་འབད་འཐབ་བྱེད་ཀྱི་ཡིན”ཞེས་ཐན་ཧའེ་ལིན་གྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།

  • ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག