དགུན་གསེང་གཅེས་སེམས་སློབ་ཁང་སློབ་འགོ་ཚུགས་པ།
- 2021-01-15
-
- ལོངས་སྤྱོད་ནས།
- 0ཐེངས།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དམངས་སྲིད་ཅུས་ཀྱིས་བོད་ལྗོངས་ཉི་འོད་བྱིས་པའི་གཅེས་སེམས་ལྟེ་གནས་ཀྱི་གཅེས་སེམས་དང་བླངས་པ་20ལྷག་ཙམ་གདན་དྲངས་ནས་འཕྱོངས་རྒྱས་རྫོང་སྤུན་གསུམ་གྲོང་ཚོ་དང་ཚོགས་རྒྱལ་གྲོང་ཚོར་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོ་ཉིན་15སྤེལ་རྒྱུ་ཡིན་པ་དང་། དེའི་རིང་གཅེས་སེམས་དང་བླངས་པས་ཕྲུ་གུ་ཚོར་སེམས་ཁམས་ཟུར་ཁྲིད་དང་མིག་མངས་དང་ཡིག་གཟུགས་གསོ་སྦྱོང་སོགས་བྱ་རྒྱུ་མ་ཟད། བྱིས་པའི་ལུས་སེམས་བདེ་ཐང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དགོས་མཁོར་དམ་པོར་དམིགས་ཏེ་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་རྣམ་པ་ཟབ་མོ་སྔར་བས་གཏོད་པ་དང་ཆབས་ཅིག ཕྲུ་གུ་ཚོའི་གནས་ཚུལ་ལ་གཞིགས་ནས་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཕྲུ་གུ་ཚོ་དགུན་གསེང་སྐྱིད་པོ་ཞིག་གཏོང་རྒྱུ་ཡོང་བར་བྱས་ཤིང་། འདི་ནི་དང་བླངས་པ་དང་ཕྲུ་གུ་ཚོས《འཛམ་གླིང་ལ་བརྩེ་བས་ཁེངས》ཞེས་པའི་གླུ་གཞས་གཏོང་བཞིན་པ།
འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག