ཀྲུང་གོའི“དབུ་དཀར་དཔལ་འབྱོར”སྔར་བས་འཕེལ་རྒྱས་འགྲོ་བ།
- 2025-01-15
-
- ལོངས་སྤྱོད་ནས།
- 0ཐེངས།
འདི་ནི་ཧུའུ་ནན་ཞིང་ཆེན་ཤང་ཐན་གྲོང་ཁྱེར་ཡུས་ཧུའུ་ཆུས་ཐང་ཆེན་ཁྲོམ་གཞུང་འཛུགས་སྐྲུན་སྡེ་ཁུལ་དུ། རྒན་རྒོན་སློབ་གྲྭའི་སློབ་མས་ཨ་ཧྥེ་རི་ཁའི་རྔ་རྡུང་སློབ་ཚན་ཐོག་རྔ་རྡུང་སྟངས་སྦྱོང་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཙེ་གོས་པར་བརྒྱབ)
ཀྲུང་གོའི་ན་རྒས་ཅན་མགྱོགས་སུ་འགྲོ་བའི་དུས་སུ། ལོ་60ནས་69བར་གྱི་རྒན་རྒོན་གྱི་ཚོགས་སྤྱིའི་འཚོ་བ་བལྟོས་བཅས་ཀྱིས་ཕུན་སུམ་ཚོགས་པ་དང་ཁོང་ཚོའི་གཟུགས་པོའང་སྤྱིར་ན་ཐང་པོ་ཡོད་པ་རེད། ཁོང་ཚོའི་སྤྱི་ཚོགས་འབྲེལ་བའི་རོལ་རྩེད་དང་དེ་བཞིན་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་ཅིང་། རྒས་དུས་སྦྱོང་ས་ཡོད་པ་དང་རྒས་དུས་སྤྲོ་སྣང་ལྡན་པ་བྱེད་པ་ནི་འཚོ་བའི་ངེས་མཁོར་གྱུར་ཡོད།
རྒན་རྒོན་གྱི་སློབ་ཆེན་ནང་དར་མ་དང་རྒན་རྒོན་ལ་ཕྱོགས་པའི་མིག་མངས་དང་ཡིག་རིས་དང་། བདེ་ཐང་ལུས་གསོ་སོགས་དགའ་ཕྱོགས་འཛིན་གྲྭ་སྣ་ཚོགས་ཡོད་པ་དང་། བྱིས་པའི་རྩེད་མོ་ཁོ་ནར་ངོས་འཛིན་པའི་རོལ་རྩེད་དེ་དག་ཀྱང་རྒན་རྒོན་གྱི་འཚོ་བའི་ནང་ཁྱབ་ཡོད།
“རྒས་དུས་རྩེད་ས་ཡོད་པའི”སྤུས་རྟགས་ཀྱི་གསར་གཏོད་པ་པེ་ཅིང་རྒས་དུས་རྩེད་འཇོར་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུང་ཏེ་ལུང་གིས་2020ལོར་ཐུང་ཀྲོའུ་ནས་ཁྲོམ་གཞུང་གི་ཚོང་ཁང་ཞིག་བོགས་མར་བླངས་ནས་རྒན་རྒོན་གྱི་རྩེད་ཆས་གཉེར་སྐྱོང་བྱས་ཏེ་དབུ་དཀའ་དཔལ་འབྱོར་ཁྲོད་ནས་ཁེ་ཕན་ཐོབ་ཐབས་བྱས་པ་རེད།
དུས་ཡུན་རིང་པོའི་ནང་རྩེད་ཆས་ནི་ཕྲུ་གུ་འཚར་ལོངས་ཀྱི་མཁོ་ཆས་ཡིན་པ་དང་རྒན་རྒོན་དང་སྤྱིར་ན་འབྲེལ་བ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྩེད་ཆས་མང་པོ་ཞིག་རྩེད་སྐབས་ལག་འགུལ་བ་དང་བསམ་བློ་གཏོང་དགོས་པས་རྒན་རྒོན་གྱི་ཀླད་པར་ཕན་ཐོགས་ཡོད། འོན་ཀྱང་ཀྲུང་གོའི་རྒན་རྒོན་མང་པོ་ཞིག་ལ་རྩེད་ཆས་ཉོ་བ་དང་རྩེད་ཆས་རྩེ་བའི་བསམ་བློ་མེད་ལ། རྩེད་ཆས་བཟོ་གྲྭས་ཀྱང་རྒན་རྒོན་གྱི་དགོས་མཁོར་དོ་སྣང་བྱུང་མེད།
རོལ་རྩེད་ནི་ཀྲུང་གོའི་རབས་གསར་པའི་དབུ་དཀར་ཚོགས་པས་བརྩོན་ལེན་བྱེད་པའི་བསམ་པའི་རིག་གནས་འཚོ་བའི་གདམ་ག་ཞིག་རེད། གཞས་སྦྱོང་བ་དང་། མོ་ཐྲོལ་བྱེད་པ། རྒྱུ་ནོར་བདག་གཉེར་སོགས་སློབ་སྦྱོང་བྱ་རྒྱུ་དེ་ཁོང་ཚོའི་དར་སོ་ཆེ་བའི་འཚོ་བ་སྐྱེལ་སྟངས་སུ་གྱུར་ཡོད།
—— སིང་ཀ་ཕོར《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག