ལོ་སྟོད་ཀྱི་ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་དངུལ་འབོར་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་ཁྲི་92.66ཟིན་པ།
- 2020-07-28
-
- ལོངས་སྤྱོད་ནས།
- 0ཐེངས།
-
རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2020ལོའི་ཟླ་དྲུག་པར། ཀྲུང་གོའི་ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་17.70ཟིན་པ་དང་། དེའི་ཁྲོད་དངུལ་ཁང་དང་ཚོང་འགྲུལ་དབར་གྱི་ཁྲོམ་རའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.38དང་དངུལ་ཁང་དབར་གྱི་ཁྲོམ་རའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་15.32ཟིན་ཡོད། རིམ་རྩིས་བརྒྱབ་ན་ཁྲོམ་རའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་6.55དང་མཆེད་སྐྱེས་ཐོན་རྫས་ཁྲོམ་རའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་11.15ཟིན་ཡོད་པ་རེད།
2020ལོའི་ཟླ་དང་པོ་ནས་དྲུག་པའི་བར། རིམ་རྩིས་བརྒྱབ་ན་ཀྲུང་གོའི་ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་92.66ཟིན་ཡོད་པ་རེད།
-- --འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག