ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་སྤེལ་རིང་རྒྱལ་གཅེས་འཕྲོད་བསྟེན་...
- 2020-04-29
-
- ལོངས་སྤྱོད་ནས།
- 0ཐེངས།
བརྡ་ཐོའི་ནང་ནན་བཤད་བྱས་དོན། ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་བྱེད་སྒོ་སྤེལ་སྐབས་ཁོར་ཡུག་གི་བཙོག་ཟིང་ཞན་གསུམ་བཅོས་སྒྲིག་བྱེད་རྒྱུ་ལས་འགན་གལ་ཆེན་དུ་བརྩིས་ནས། ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་པ་དང་། ཁུལ་ཆུང་རྙིང་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད། གྲོང་ཁྱེར་དབུས་ཀྱི་གྲོང་ཚོ་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་འཕྲོད་བསྟེན་གྱི་ཁུག་ཀྱོག་བཅོས་སྐྱོང་བཅས་བྱས་ཏེ་རིམས་ནད་འགོ་ལམ་ཉུང་དུ་བཏང་ནས་སྡོད་མལ་ལ་འཚམ་པའི་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་སྲོལ་གཏོད་བྱེད་སྒོ་སྤེལ་སྐབས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གཅིག་སྡུད་བཅོས་སྒྲིག་བྱེད་རྒྱུ་ཤུགས་རྒྱག་སར་བྱས་ནས་གྲོང་གསེབ་ཀྱི་ལམ་བུ་སྒྱུར་བཅོས་དང་། འཐུང་ཆུ་སྒྱུར་བཅོས། གསང་སྤྱོད་གསར་བརྗེ། གྲོང་ཚོ་རྙིང་པ་སྒྱུར་བཀོད་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་བུད་ཤིང་དང་། ལུད་ཕུང་། རྫབ་རྫིང་། རྫིང་བུ། ཆུ་ཡུར་སོགས་ཀྱི་ཞན་ཆའི་ལྷུ་ཚིགས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་ནས་གཙང་ལ་གྲལ་འགྲིག་པའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གཏོད་དགོས། ཤེས་དཔལ་ཚན་པའི་སྲོལ་གཏོད་བྱེད་སྒོ་སྤེལ་སྐབས་བདེ་ཐང་དང་འཕྲོད་བསྟེན་ལ་ཕན་པའི་ཚན་པའི་ཁོར་ཡུག་ཧུར་ཐག་གཏོད་པ་དང་རིམ་པ་ཁག་དང་རིགས་ཁག་གི་ཚན་པས་ཁོར་ཡུག་འཕྲོད་བསྟེན་གཙང་མ་དང་ལས་རིགས་ཀྱི་སྲོལ་བཟང་འཛུགས་པའི་འགན་འཁྲི་ཁུར་ནས། གཙང་ལ་གྲལ་འགྲིག་པའི“ཁོར་ཡུག་ཆུང་ཆུང”ཁྲི་ཕྲག་མང་པོར་བརྟེན་ནས་མཛེས་སྡུག་ལྡན་ལ་ཞི་མཐུན་གྱི་སྤྱི་ཚོགས“ཁོར་ཡུག་ཆེན་པོ”བསྐྲུན་དགོས། ཤེས་དཔལ་ཁྱིམ་ཚང་སྲོལ་གཏོད་བྱེད་སྒོ་སྤེལ་སྐབས་ནང་མིར་ད་ཆ་ནས་འགོ་འཛུགས་པ་དང་། རང་ཉིད་ནས་འགོ་འཛུགས་པ། ཉེ་འགྲམ་གྱི་བྱ་བ་ནས་འགོ་འཛུགས་པ། ཁང་པའི་རྒྱབ་མདུན་ནས་འགོ་འཛུགས་པ་བཅས་དང་། རང་ཉིད་ཀྱི་ལག་པ་འགུལ་ཏེ་ཁྱིམ་ཚང་དང་། སྒོ་ར། སྤྱི་པའི་ཁོར་ཡུག་བཅས་གཙང་མ་བཟོ་བ་དང་། སྔོ་ལྗང་ཅན་དུ་འགྱུར་བ་། མཛེས་སུ་གཏོང་བ་བཅས་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་ཡ་རབས་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་རང་རྟོགས་ངང་ལག་ལེན་བསྟར་དགོས། ཤེས་དཔལ་སློབ་གྲྭ་སྲོལ་གཏོད་བྱེད་སྒོ་སྤེལ་སྐབས་སློབ་གྲྭའི་བདེ་ཐང་སློབ་གསོ་དང་ཚེ་སྲོག་ལ་གཅེས་སྤྲས་ཀྱི་སློབ་གསོ་སྤེལ་ནས་བདེ་ཐང་གི་འཚོ་བའི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ན་སོ་དར་ལ་མ་བབ་པའི་མིའི་སེམས་ཁམས་བདེ་ཐང་ཞབས་ཞུའི་དྲ་རྒྱ་བསྐྲུན་པ། སློབ་གྲྭའི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་ལ་ཡ་རབས་ཚུལ་ལྡན་གྱི་ཀུན་སྤྱོད་འཇགས་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས།
བརྡ་ཐོའི་ནང་ནན་བཤད་བྱས་དོན། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)དང་། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། སྡེ་ཁུལ་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་སོགས་གཞི་རིམ་གྱི་རིག་གནས་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ནས། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་སྤྱད་དེ་འགོ་ནད་སྔོན་འགོག་གི་ཤེས་བྱ་དང་སྤྱི་པའི་འཕྲོད་བསྟེན་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་། “ཡ་རབས་དང་བདེ་ཐང་གི་འཚོ་བའི་བར་མཐོངས་གཏོད་པར་ང་ཚོ་མཉམ་དུ་ཡོད”ཅེས་པའི་སྤྱི་ཕན་བརྡ་ཆ་དྲིལ་བསྒྲགས་བྱས་ནས། མི་རྣམས་ལ་ཤེས་དཔལ་ལ་སྣང་ཆེན་དང་། འཕྲོད་བསྟེན་ལ་དང་དོད། རིམས་ནད་ལ་སྔོན་འགོག་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱེད་དགོས། རྒྱ་ཆེའི་དང་བླངས་པ་དང་དང་བླངས་ཞབས་ཞུའི་རྩ་འཛུགས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་། བདེ་ཐང་ཤེས་བྱ་དྲིལ་བསྒྲགས། སེམས་ཁམས་སློབ་གསོ་གཏོང་བ་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱེད་དགོས།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག