ཀྲུང་གོས་ཚན་རྩལ་མཐོན་པོར་བརྟེན་ནས་འབྲུ་རིགས་ཐོན་འཕར་ཡོང་བར་བྱས་པ།

  • 2025-01-15
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ནི་ཅ་ཤིང་ནན་ཧུའུ་ཆུས་ཞང་ཅ་ཏང་ཞིང་ལས་གྲངས་འཛིན་ཅན་གྱི་བཟོ་གྲྭ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུས་ཡུས་ཀྱིས་པར་བརྒྱབ

ཀྲུང་གོའི་ཤར་རྒྱུད་ཀྱི་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཆིང་ཐེན་རྫོང་དུ། ས་གནས་དེ་གའི་མྱུར་བགྲོད་ལྕགས་ལམ་བབས་ཚུགས་ནས་རླངས་འཁོར་བཏང་སྟེ་ལ་རུ་ཆུ་ཚོད་1ཙམ་བསྐྱོད་རྗེས། རི་ལྡེབས་སུ་ཀ་ཟླུམ་དབྱིབས་ཀྱི་དངོས་པོ་མང་པོ་ཞིག་སྒྲིག་ཡོད་པ་མཐོང་ཐུབ། མཁའ་དབྱིངས་སུ་མི་མེད་གནམ་གྲུ་ཆེ་གྲས་ཤིག་གིས་ཀ་ཟླུམ་དབྱིབས་ཀྱི་དངོས་པོ་དེ་རིགས་དབོར་བཞིན་འདུག དེ་ནི་ས་བབ་མཐོ་ཚད་སྨི་900ཙམ་ཡོད་པའི་དཔེ་སྟོན་ཞིང་ར་ཡིན་ཞིང་། ཞིང་ར་དེའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཐོ་སར་འཕེལ་རྒྱས་བཏང་བ་བརྒྱུད་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་ཐོན་འབབ་ཀྱང་རྨོ་ཞིང་དཀྱུས་མའི་ལྡབ་3ནས་5བར་འཕར་ཡོད། མི་མེད་གནམ་གྲུས་སྐྱེལ་འདྲེན་བྱས་པས་ངལ་རྩོལ་ནུས་ཤུགས་80%ཙམ་ཉུང་དུ་ཕྱིན་ཡོད་པ་རེད།

ཧུའུ་པེ་ཞིང་ཆེན་ཨེ་ཀྲོའུ་གྲོང་ཁྱེར་དུ་གོ་ལ་ཧྲིལ་པོའི་ཆེ་ཤོས་སུ་གྲགས་པའི་ཐོག་བརྩེགས་26ཅན་གྱི་ཕག་གསོ་ར་བ་ཞིག་ཡོད། ཀྲུང་གོའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕག་གསོ་ར་བ་དེ་ནི་ཧུའུ་པེ་ཀྲུང་ཤིན་ཁའེ་ཝེ་དེང་རབས་གསོ་ཚགས་ལས་རིགས་ཀུང་སིས་གཉེར་སྐྱོང་བྱེད་བཞིན་ཡོད། ཁེ་ལས་དེས་མ་དངུལ་སྒོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་བཏང་ནས་ཐོག་བརྩེགས་ཅན་གྱི་ཕག་གསོ་ར་བ་བསྐྲུན་ཏེ་2022ལོའི་སྟོན་ཁ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། སྒྲིག་བཀོད་ནང་སྐྱེ་འཕེལ་དང་། འོ་འཐུང་། རྒྱགས་གསོ་སོགས་ལ་དབྱེ་ཡོད་ཅིང་། ལྟེ་གནས་ཚོད་འཛིན་ཁང་བརྒྱུད་གཟན་ཆག་རང་འགུལ་ངང་ཐོག་བརྩེགས་ཁག་གི་ཕག་པར་བགོ་བཤའ་རྒྱག་གི་ཡོད། ཕག་ལྟོ་སྟེར་བ་ནས་གཙང་སྦྲ་དང་དུག་སེལ་སོགས་ལས་ཀ་མང་པོ་རང་འགུལ་ཅན་ལ་གྱུར་བས། ལོ་རེར་མང་ཤོས་ཕག་པ་ཁྲི་120ཙམ་གསོ་ཚགས་ཐུབ་ཀྱི་ཡོད།

ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཕག་ཤ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་དང་འཛད་སྤྱོད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། གོ་ལ་ཧྲིལ་པོའི་ཕག་ཤ་འཛད་སྤྱོད་བྱེད་ཚད་ཀྱི་ཕྱེད་ཀ་ཙམ་བཟུང་གི་ཡོད་པ་དང་། ཕག་གསོའི་སྒྲིག་ཆས་མཐོ་རིམ་ཅན་ཡང་མཁོ་སྤྲོད་བརྟན་པོ་ཡོང་བའི་ཐབས་ཇུས་ཀྱི་གྲས་ཤིག་རེད།

—— རི་པིན་གྱིཉིན་རེའི་གསར་འགྱུརཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག