དུས་ཆེན་དགའ་བས་གཏོང་བཞིན་པའི་མི་དམངས་ཉེན་རྟོག་པ།
- 2021-01-15
-
- ལོངས་སྤྱོད་ནས།
- 0ཐེངས།
ཟླ་1ཚེས་10ཉིན་སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་གཞི་རིམ་ཞིབ་དཔྱོད་ཁང་ཁག་བཅས་ཀྱི་ཁྲིམས་འཛིན་ཉེན་རྟོག་པས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དང་པོའི་བྱེད་སྒོ་སྤེལ་བཞིན་པ།
འདི་ནི་ཟླ་1ཚེས་10ཉིན་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་འཇིགས་རྒོལ་དང་དམིགས་བསལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་དང་པོའི་མི་དམངས་ཉེན་རྟོག་པས་ལས་འགན་སྒྲུབ་བཞིན་པ།
འདི་ནི་ཟླ་1ཚེས་10ཉིན་ནང་སོག་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པས་ཉེན་རྟོག་ལ་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་ཏེ་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དང་པོར་རྟེན་འབྲེལ་ཞུ་བཞིན་པ།
འདི་ནི་ཟླ་1ཚེས་10ཉིན་ལེའོ་ཉིང་ཞིང་ཆེན་ཏ་ལན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མཐའ་སྲུང་ཉིང་ལག་རུ་ཁག་ཏ་ཁྲང་ཧྲན་མཐའ་སྲུང་མངགས་གཏོང་ཁང་གི་སྡེ་ཁུལ་མི་དམངས་ཉེན་རྟོག་པས་མཚོ་འགྲམ་དུ་འཁྱག་པའི་གནས་ཚུལ་ལ་ལྟ་བཞིན་པ།
འདི་ནི་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་མཁན་དཔུང་ཁག་ཅིག་ཡིན་ཞིང་། ཁོ་ཚོས་འགན་འཁྲི་གཙང་སྒྲུབ་ཀྱིས་རང་སྲོག་ལ་མི་འཛེམ་ཞིང་། ཁོ་ཚོས་དུས་བདེའི་ཀྲུང་གོ་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བཅས་བྱེད་བཞིན་ཡོད། ཚེས་10ཉིན་ཁོ་ཚོས་རང་ཉིད་ཀྱི་དུས་ཆེན——ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དང་པོ་དེ་བསུས་ཡོད་པས། ང་ཚོས་ཀྲུང་གོ་མི་དམངས་ཉེན་རྟོག་པར་གུས་འདུད་ཞུ་རྒྱུ་དང་སྦྲགས་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།
འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག