རང་རྒྱལ་གྱིས་བོད་ལྗོངས་ས་མཐོ་ནས་སྨི་བརྒྱའི་གཏིང་གི་མཚོ་མཐིལ་འདམ་ས་གསོར་ལེན་ཐོག་མ་ཐུབ་པ།

  • 2020-07-28
  • ལོངས་སྤྱོད་ནས།
  • 0ཐེངས།

  • འདི་ནི་གནམ་མཚོའི་ལྟེ་བའི་ཁུལ་གྱི་ཆུ་ཐོག་གི་གསོར་འབིགས་རྩད་ཞིབ་ལས་སྟེགས་ཡིན་པ།

    ཉེ་ཆར། ལས་གྲྭའི་ལག་རྩལ་མི་སྣས་ཤུབས་སྦུག་བརྟན་པའི་མ་ལག་སྤྱད་དེ་མཚོ་གཏིང་དངོས་པོ་ལེན་བཞིན་པ།

    ཉེ་ཆར། ཚན་ཞིབ་མི་སྣས་མཚོ་གཏིང་དངོས་པོའི་མ་དཔེར་ཨང་ཀི་བྲིས་ནས་ཐོ་འགོད་བཞིན་པ།

    ཉེ་ཆར། ཀྲུང་གོ་ཚན་རིག་ཁང“དར་གོས་ལམ་བུའི་ཁོར་ཡུག”གི་སྣེ་ཁྲིད་ཆེད་དོན་རྣམ་གྲངས་དང་མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་མཚོ་མཚེའུ་རུ་ཁག་གིས་བསྐྲུན་ཟིན་པའི་ཆུ་ཐོག་གསོར་འབིགས་ལས་སྟེགས་སྤྱད་ནས་གནམ་མཚོའི་ལྟེ་བའི་ཁུལ་གྱི་གཏིང་ཚད་སྨི་95ཡི་ས་ནས་རིང་ཚད་སྨི་100.63ཡི་མཚོ་མཐིལ་འདམ་ས་གསོར་ལེན་ཐུབ་པ་དང་མཚོ་མཐིལ་འདམ་ས་ལེན་ཚད་98%ཟིན་ཡོད། དེ་ནི་རང་རྒྱལ་གྱིས་བོད་ལྗོངས་ས་མཐོའི་ས་བབ་མཐོ་བའི་གཏིང་རིང་བའི་མཚོ་ནང་ནས་ཐོག་མར་བླངས་པའི་རིང་ཚད་སྨི་100ཡི་མཚོ་མཐིལ་འདམ་ས་ཡིན་པས་གཏིང་རིང་བའི་མཚོ་ནང་ནས་མ་དཔེ་ལེན་པར་ཚད་བརྒལ་བྱུང་ཡོད།

    ངོ་སྤྲོད་བྱས་པར། ད་ཐེངས་གསོར་ལེན་ཐུབ་པའི་མཚོ་མཐིལ་འདམ་ས་ནི་རང་རྒྱལ་གྱི་ཚན་རིག་མཁས་ཅན་དང་ལས་གྲྭ་ལག་རྩལ་མི་སྣས་རང་རྟེན་ཇུས་བཀོད་ཀྱི་མ་དཔེ་ལེན་པའི་ལས་སྟེགས་དང་། སྦུག་ཤུབས་སྦུག་བརྟན་ལྷིང་མ་ལག གསོར་འབིགས་མ་ལག་བཅས་ལ་བརྟེན་ནས་བླངས་པ་ཡིན་པས་རང་རྒྱལ་གྱི་མཚོ་མཚེའུ་ཡི་གསོར་འབིགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རིགས་གཅིག་མཁས་ཅན་གྱིས་སྔོན་དཔག་བྱས་ན། ད་ཐེངས་བླངས་པའི་མཚོ་མཐིལ་འདམ་སའི་མ་དཔེ་དེས་འདས་ཟིན་པའི་ལོ་ངོ་ཁྲི་15ཚུན་གྱི་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་གནམ་གཤིས་ཀྱི་ཁོར་ཡུག་འགྱུར་ལྡོག་གི་ལོ་རྒྱུས་ལ་དབྱེ་ཞིབ་བྱེད་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག