ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་མ་ཟད་གྲོང་ཁྱེར་ཡོངས...

  • 2023-11-28
  • ལོངས་སྤྱོད་ནས།
  • 0ཐེངས།


འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས23ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་མ་ཟད་གྲོང་ཁྱེར་ཡོངས་ཀྱིས“དམིགས་པ་ལྔའི”ལས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་སེང་ལ་གསན་པ་དང་། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་གནང་བའི“དམིགས་པ་ལྔའི”མཛུབ་སྟོན་བླང་བྱ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། དམངས་འཚོའི་དོན་དངོས་ཏན་ཏིག་ངང་སྒྲུབ་པ། བདེ་ཐང་ཆབ་མདོ་མགྱོགས་མྱུར་ངང་འཛུགས་སྐྲུན་བཅས་བྱས་ཏེ། རྒྱུན་ཆད་མེད་པར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར། བློ་ཡིད་ཚིམས་ཚད་བཅས་ཇེ་དྲག་ཏུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་ཚོམས་ཆེན་དུ་ཀུང་ཧུའེ་ཡིས་གྲོང་ཁྱེར་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང་། ཐུམ་འབུའི་ནད་དང་གྲུམ་ནད་འགོག་བཅོས། ལྷན་སྐྱེས་སྙིང་ནད་དང་། སྐྱ་གྲིབ་སྐྱོབ་བཅོས། དམངས་ཡོངས་ཀྱི་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་ལས་ཀའི་གྲུབ་འབྲས་ལ་གཟིགས་ཤིང་། ཁོང་གིས“མི་དམངས་ནི་བླ་ན་མེད་པ་དང་ཚེ་སྲོག་མཆོག་ཏུ་བརྩི་བའི”འདུ་ཤེས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་མི་དམངས་སྨན་ཁང་གི“981” གི་འདུ་འགོད་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་རིག་ཚན་སྣེ་ཁྲིད་པ་དང་ཚན་ཁག་གི་རྐང་འཛིན་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། གསོ་རིག་གི་གཙོ་གནད་རིག་ཚན་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནད་གཞི་སྨན་བཅོས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི“ནད་ལྟ་དཀའ་བ”དང་“ནད་ལྟ་བར་སྨན་རིན་མཐོ་བའི”དཀའ་ངལ་དངོས་ཐག་གཅོད་བྱ་རྒྱུའི་བླང་བྱ་བཏོན་ཡོད།

ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་གཤགས་བཅོས་ཁང་དུ་ལྷན་སྐྱེས་སྙིང་ནད་གཤགས་བཅོས་3བྱས་པ་དང་ཆབ་མདོ་གྲོང་ཁྱེར་ལ་བྱིས་པའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཀྱི་ནུས་པ་ལྡན་ཡོད། ཀུང་ཧུའེ་ཚའེ་ཡིས་སྨན་ཁང་གིས་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ཧུར་ཐག་བཏང་བའི་ཐད་ཐོབ་པའི་ཕན་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་“ལྟེ་གནས་ཆེ་གྲས་ལྔ”འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྨན་བཅོས་ཞབས་ཞུའི་སྤུས་ཚད་བདེ་འཇགས་འགན་ལེན་དང་མང་ཚོགས་ཀྱི་སྨན་བཅོས་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས་ཞེས་བཤད། ཀུང་ཧུའེ་ཚའེ་ད་དུང་ཕྲུ་གུ་དམར་འབྱར་གྱི་ནད་གཞི་ལྕི་བའི་ལྟ་སྐྱོང་ཁང་དུ་ཕེབས་ཏེ་ཏང་ཡོན་གྱི་འབྲེལ་གཏུག་ཞབས་ཞུའི་ནད་ཁང་གི་སྨན་དོན་མི་སྣར་འཚམས་འདྲི་ཞུས་པ་རེད།

དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱིས“དམིགས་པ་ལྔའི”ལས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཆེད་དོན་སྙན་ཞུར་གསན་པ་དང་། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས“དམིགས་པ་ལྔའི”བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱེད་སྟངས་ལ་གདེང་འཇོག་གང་ལེགས་བྱས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་བདེ་ཐང་ཆབ་མདོ་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་བདེ་ཐང་འཚོ་བ་ཁྱབ་གདལ་དང་། བདེ་ཐང་ཞབས་ཞུ་ལེགས་གཏོང་། བདེ་ཐང་འགན་ལེན་འཐུས་ཚང་དུ་གཏོང་བ་བཅས་བྱས་པས་ནད་ཡམས་འགོག་པའི་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་སོང་བ། སྨན་བཅོས་བོད་སྐྱོར་ལག་བསྟར་གཏིང་ཟབ་བྱས་པ། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་སོང་བ། སྨན་བཅོས་ཞབས་ཞུའི་འགན་ལེན་ནུས་པ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བཅས་བྱུང་པ་དང་ལྷག་པར་དུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས“དམིགས་པ་ལྔའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་པར་བརྟེན་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་ཞེས་བསྟན།

གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་ལིས་པིང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་ཀྱིས་ལྷན་དུ་རྟོག་ཞིབ་ནང་ཞུགས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར།)


ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག