ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • 2022-11-28
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས24ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན། ཤིས་ཚིག རྟེན་འབྲེལ་འཕྲིན་ཡིག རྩོམ་ཡིག་བཅས་ཀྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་མཛུབ་སྟོན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ད་ལོའི་གྲོང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་ཟས་རིགས་བདེ་འཇགས་དང་སྤུས་ཚད་མཐོར་གཏོང་། སྤྱི་བདེ་དང་དུག་འགོག་ལས་དོན་བཅས་སྤེལ་ཚུལ་སྙན་སེང་ལ་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་དང་། པེ་ཅིང་དང་ཧོ་པེ་རུ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པ་བཅས་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཉེ་དུས་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཤིས་ཚིག རྟེན་འབྲེལ་འཕྲིན་ཡིག རྩོམ་ཡིག་བཅས་ཀྱི་དགོངས་དོན་གྱིས་ང་ཚོས་སྔར་བས་སྒྱུར་བཅོས་ཟབ་གཏོང་དང་། གནོད་འགོག་ཉུང་གཏོང་། བདེ་འཇགས་ཐོན་སྐྱེད། ཕྱི་ཕྱོགས་སྒོ་དབྱེ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཞེས་བསྟན།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་གནང་བའི་གསུང་བཤད་དང་མཛུབ་སྟོན་གསར་པ་ཡིས་ང་ཚོས་དུས་རབས་གསར་པའི་ལས་ཁུངས་སྒྲིག་གཞི་དང་གཞུང་དོན་ཁང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་མཛུབ་སྟོན་ནུས་ལྡན་བཏང་ཡོད།

ཚོགས་འདུའི་ཐོག་གྲོང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)2023ལོའི་ལས་དོན་སྙན་སེང་ལ་གསན་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་2023ལོའི་ཟས་རིགས་བདེ་འཇགས་དང་སྤུས་ཚད་མཐོར་གཏོང་ལས་དོན་ལ་གསན་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི2023ལོའི་སྤྱི་བདེ་དང་དུག་འགོག་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ་རེད།

ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར།)

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག