གྲོང་ཁྱེར་དམངས་འཐུས་ཀྱིས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འ...

  • 2023-11-28
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་23ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས“སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས”ཞེས་པའི་ཆེད་དོན་ལ་དམིགས་ནས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2023ལོའི་ཐེངས་བཅུ་གསུམ་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་ཆི་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད།

ཆི་དབྱིང་ཧའེ་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་ཡོང་བ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་བཞིན། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནད་དོན་ལ་ཞིབ་ལྟ་དང་། མི་འདང་སར་ལྟ་སྟངས་ཡང་དག་འཛིན་པ། དགོས་གལ་ཆེ་སར་དམིགས་པ་དང་།གནད་དོན་གྱི་ཁྲིད་སྟོན། རང་ངོས་གསར་བརྗེ་བཅས་མཐའ་འཁྱོངས་བྱེད་དགོས། བསམ་བློར་དྲག་ཆས་སྤྲོས་པ་དང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་ཁྲོད་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་ཁྲིམས་ལྟར་དབང་ཆ་སྤྱོད་པའི་རང་རྟོགས་ཀྱི་བསམ་པ་སྐྱེད་སྲིང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བློ་བཟང་ཡི་ཤེས་དང་། ཡེ་གོ་རུང་། ཡན་ཆི་ཁྲུའུ། ལི་ཡུས་ལུའེ་སོགས་ཚོགས་འདུར་ཞུགས་ཡོད།

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག