ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་འདུ་ཤེས་འཛིན་སྟངས་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི...
- 2023-11-28
-
- ལོངས་སྤྱོད་ནས།
- 0ཐེངས།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་འདུ་ཤེས་འཛིན་སྟངས་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ།《བོད་རང་སྐྱོང་ལྗོངས་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་ཀྱི་ཞིབ་ཐོ》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། གྲོང་ཁྱེར་ཡོངས་ཀྱི2023ལོའི་འདུ་ཤེས་འཛིན་སྟངས་ལས་ཀའི་སྙན་སེང་དེ་བཞིན་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་ཀའི་སྙན་སེང་ལ་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་འདི་ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་སློབ་གསོའི་ཚན་པ་ཡིས་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་ལ་དམིགས་ནས་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་པ་དང་། རྒྱུན་མཐུད་ངང་མི་སེམས་གཅིག་ཏུ་འགྲིལ་བ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ཡག་པོ་སྲུང་བ། ནར་མ་སོན་པའི་མི་བདེ་ཐང་ངང་འཆར་ལོངས་ཡོང་བར་སྲུང་སྐྱོབ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཞེས་བསྟན།
ཀུང་ཧུའེ་ཚའེ་ཡིས་གཅིག་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་དགོས། གཉིས་ནས་རྒྱུན་མཐུད་ངང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས། གསུམ་ནས་སིམ་འཛུལ་དང་གཏོར་བརླག་ལ་འགོག་ཟོན་ནན་མོ་བྱེད་དགོས། བཞི་ནས་ནར་མ་སོན་པའི་མི་འཆར་ལོངས་ཡོང་བར་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་གནང་ཡོད། (དཔལ་ཐར་རྒྱལ་གྱིས་བསྒྱུར།)
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག