རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་མཉམ་འགོག་མཉམ་སྡོམ་ཕྱོགས་བསྡུས་ཚོགས་ཆུང་ཆབ་མདོར་འབ...

  • 2022-08-29
  • ཡོང་ཁུངས། ཆབ་མདོའི་ཚགས་པར།
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་16ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡ་སིའི་འགན་འཁུར་བ་དབྱང་ཧྥུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ཚོགས་ཆུང་དང་བཅས་སྣེ་ཁྲིད་ནས་ཆབ་མདོར་འབྱོར་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མཛུབ་ཁྲིད་ལས་དོན་སྤེལ་བ་དང་འབྲེལ་ཆབ་མདོ་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་རེད། གྲོང་ཨུད་ཧྲུའུ་ཅི་གྲོང་ཁྱེར་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀུང་ཧུའེ་ཚའེ་ཡིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་གྱིས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།

འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་རྗེས་དབྱང་ཧྥུང་གིས་བསྟན་དོན། བོད་དུ་རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་བྱེད་པའི་ཕྱོགས་བསྡུས་ཚོགས་ཆུང་མངགས་ནས་ཆབ་མདོར་ཐུན་མོང་ཐོག་ཇུས་འགོད་དང་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་རྒྱུ་རེད། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་མདུན་སྤྱོད་མ་བྱེད་ན་ཕྱིར་བཤོལ་ཐེབས་པའི་འགག་རྩའི་ལྷུ་ཚིགས་ལ་སླེབས་ཡོད།

ཆབ་མདོ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱས་འབྲས་དེ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རིམས་ནད་བྱུང་ཚུལ་ཐག་གཅོད་བྱེད་པའི་ཁྱོན་ཡོངས་ནང་གི་གལ་ཆེའི་རང་བཞིན་ལ་ཆབ་མདོའི་ངོས་འཛིན་གང་ལེགས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།“ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི་”སྤྱིའི་མཛད་ཕྱོགས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བ་སྤྱི་འདོམས་ནུས་ལྡན་བྱེད་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ལ་དམ་པོར་དམིགས་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་གནད་སྨིན་དང་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་ཞིབ་ཚགས་དང་ཏན་ཏིག་གི་སྒོ་ནས་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་པ།

ཉིང་སྐྱུར་བརྟག་དཔྱད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཉིང་སྐྱུར་བརྟག་དཔྱད་མི་སྣ་ཡོངས་ལ་ཁྱབ་པ་བྱས་ཏེ་སེམས་ནང་གདེང་ཚོད་ཡོད་པ་བྱེད་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མི་མངོན་པའི་ནུས་པ་སྔོག་འདོན་དང་བརྟག་དཔྱད་ཀྱི་དུས་ཚོད་ཐུང་དུ་བཏང་སྟེ་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་སྙན་སེང་། སྔ་ཙམ་ལོག་འཇོག སྔ་ཙམ་སྨན་བཅོས་བཅས་བྱས་ནས་དྲ་མིག་ཅན་གྱི་དོ་དམ་ཐོབ་པ་བྱེད་དགོས། རིམས་ནད་རིག་པའི་བརྟག་དཔྱད་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་བདེ་དང་། སྤྱི་པའི་འཕྲོད་བསྟེན། བཟོ་འཕྲིན་བཅས་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བྱ་སྤྱོད་མྱུར་པོ་དང་། གནད་སྨིན་ཤེས་རྟོགས། རིགས་དབྱེ་དོ་དམ་ཚོད་འཛིན་བཅས་བྱས་ནས་དུས་ཚོད་ཐུང་ཤོས་ནང་ཉེན་ཁའི་གནས་ཚང་མ་འཚོལ་ཐུབ་པ་དང་ཚོད་འཛིན་ཐུབ་པའི་བརྩོན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་བྱེད་པའི་ཕྱོགས་བསྡུས་ཚོགས་ཆུང་གི་མཛུབ་ཁྲིད་དང་རོགས་རམ་འོག་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་རྣམ་པ་གཙང་བཟོའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་དབྱང་ཧྥུང་དང་བཅས་པ་དང་རིགས་གཅིག་མཁས་ཅན་རྣམས་ཆབ་མདོར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་དུས་ཚོད་ཀྱིས་མི་མི་སྒུག་པའི་བྱ་སྤྱོད་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བྱ་སྤྱོད་ཐོག་ནས་ནད་ཡམས་ཐག་གཅོད་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ནད་ཡམས་ཕྱི་ནས་མི་འགོ་བར་མཐའ་གཅིག་ཏུ་བྱེད་པ་དང་རིམས་ནད་ཁྱབ་མཆེད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཞིབ་ཕྲ་དོན་འཁྱོལ་བྱེད་དགོས། ཆབ་མདོར་ཡོང་བའི་ལམ་ལ་དོ་དམ་བྱས་ནས་ལྗོངས་ནང་ཁུལ་གྱི་རིམས་ནད་ཡོད་པའི་ས་ཁུལ་དང་གྲོང་ཁྱེར་དུ་བསྐྱོད་པའི(ཕྱིར་ལོག་པ)ཆབ་མདོའི་མི་སྣར་གྲལ་བཤེར་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་ཡག་པོ་བསྒྲུབས་ནས“ཞིབ་བཤེར་བྱེད་དགོས་རིགས་ཚང་མར་ཞིབ་བཤེར་ཐུབ་པ་བྱས་ནས་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་བཤད་པ་རེད། ཡུལ་སྐོར་བའི་ཞབས་ཞུའི་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་མི་སྣ་བཀོད་སྒྲིག་འོས་འཚམ་དང་ཞབས་ཞུ་འཐུས་ཚང་ཡོང་བའི་འགན་ལེན་བྱེད་དགོས།

གཞོགས་འདེགས་དམ་ཟབ་བྱས་ནས་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ལས་ཀའི་ཆེད་ཚན་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་མཐུད་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དང་ཞིབ་བཤེར་ནན་པོ། གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་པའི་སྟོབས་ཤུགས་ཆེན་པོ་དངོས་གནས་གོང་བུར་འགྲིལ་བར་བྱ་དགོས།

མུ་མཐུད་ཤུགས་བརྒྱབ་ནས་ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་དགོས། གྲོང་ཁྱེར་ཨུ་ལྷན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་དྲིལ་བསྒྲགས་དང་། འཐབ་ཕྱོགས་གཅིག་གྱུར། འཕེལ་སྒྱུར། སྤྱི་བདེ། དཔལ་འབྱོར་དང་ཆ་འཕྲིན། འཕྲོད་བསྟེན་བདེ་ཐང་། ཡུལ་སྐོར་འཕེལ་རྒྱས། ནད་ཡམས་ཚོད་འཛིན་སོགས་སྡེ་ཚན་གྱི་ཐད་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཚན་པ་གཞན་དག་གི་མཐུན་སྦྱོར་གཞོགས་འདེགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་ལས། ཁྲལ་མངོན་སླ་བཅོས་དང་ཕྱི་ཚུལ་གྱི་རྣམ་པ་གཏན་ནས་བྱེད་མི་ཆོག་པར་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་དགོས།

འགན་འཁྲི་རྩོམ་སྒྲིག། བཀྲ་ཤིས་དགྲ་འདུལ་

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག