ཀུང་ཧུའེ་ཚའེ་ཡིས་རིམས་འགོག་དངོས་ཟོག་འགན་ལེན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།
- 2022-08-29
-
- ལོངས་སྤྱོད་ནས།
- 0ཐེངས།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་རིམས་འགོག་དངོས་ཟོག་འགན་ལེན་ཆེད་དོན་ཚོགས་འདུ་གཙོ་སྐྱོང་བྱས་ནས་འཚོགས་པ་དང་རང་གྲོང་ཁྱེར་གྱི་དངོས་ཟོག་གྲབས་གསོག་དང་། མཁོ་འདོན། དགོས་མཁོ་སོགས་འགན་ལེན་གནས་ཚུལ་བཀོད་གཏོང་དང་བཀོད་སྒྲིག་བྱས་ཏེ། ལྷག་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་པ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཁོང་གིས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནང་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གྱི་བླང་བྱ་ལྟར་ཚན་རིག་དང་མཐུན་པའི་སྒྲིག་འཛུགས་དང་། གནད་སྨིན་བཀོད་སྒྲིག ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བཅས་བྱས་ཏེ་དངོས་ཟོག་གྲབས་གསོག་དང་མཁོ་སྤྲོད་ཀྱི་ལས་དོན་དམ་འཛིན་ནན་པོ་དང་ཏན་ཏིག་དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ། སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོ་དང་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།
རྫོང་(ཆུས་)11དང་སྨན་བཅོས་དང་དམངས་འཚོའི་དངོས་ཟོག་འགན་སྲུང་ཚོ་ཆུང་གི་སྙན་ཞུ་གསན་རྗེས། ཀུང་ཧུའེ་ཚའེ་ཡིས་བསྟན་དོན་། རིམས་ནད་བྱུང་བ་ནས་བཟུང་། རང་གྲོང་ཁྱེར་གྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི“ཁྲོམ་ར་བརྟན་པོ་དང་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས”ཞེས་པའི་མཛུབ་སྟོན་བླང་བྱ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ནས། དངོས་རྫས་གསོག་འཇོག་དང་མཁོ་སྤྲོད་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་།
ཕྱོགས་གཅིག་ནས་མཁོ་སྤྲོད་དང་ཕྱོགས་གཅིག་ནས་ཁ་གསབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། མིག་སྔར་རང་གྲོང་ཁྱེར་གྱི་དངོས་རྫས་གསོག་འཇོག་འདང་ངེས་ཡོད་པ་དང་རིན་གོང་བརྟན་པོ་ཡོད་པ། རྗེས་མཐུད་དངོས་རྫས་གཅིག་རྗེས་གཉིས་མཐུད་ངང་འབྱོར་བཞིན་ཡོད་པས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ནུས་ལྡན་ཐུབ་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ནུས་ལྡན་དང་། གོ་རིམ་ལྡན་པ། ནུས་ལྡན་བཅས་ཀྱི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།
ཀུང་ཧུའེ་ཚའེ་ཡིས་ནན་བཤད་གནང་དོན། དངོས་རྫས་འགན་སྲུང་བྱ་རྒྱུ་ནི་རིམས་ནད་སྔོན་འགོག་དང་བཀག་སྡོམ་བྱེད་པའི་དམག་འཐབ་ལས་རྣམ་པར་རྒྱལ་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་དང་བསམ་བློའི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ་དང་ མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། གོམ་གང་མདུན་སྤོས་ཀྱིས་གཞི་ཐིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།“གྲ་སྒྲིག་མེད་པའི་དམག་འཐབ་མི་རྒྱག་པ”དང“གྲ་སྒྲིག་བྱས་པ་སྤྱོད་རྒྱུ་མ་བྱུང་ཡང་སྤྱོད་རན་དུས་གྲ་སྒྲིག་མེད་པ་གཏན་ནས་ཡོད་མི་རུང་བའི་”བླང་བྱ་གཞིར་བཟུང་། དངོས་ཟོག་འགན་ལེན་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་དངོས་ཟོག་སྐྱེལ་འདྲེན་གྱི་ཐབས་ལམ་ཤར་བགྲོད་ཡོང་བ་བྱེད་པ། ས་གནས་དེ་གའི“ཤ་ཚལ་སྒོང་གསུམ”རྟེན་གཞིའི་ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། དངོས་ཟོག་འདང་ངེས་དང་ཁྲོམ་རའི་རིན་གོང་གོ་རིམ་ལྡན་པ་འགན་ལེན་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས།
ཀུང་ཧུའེ་ཚའེ་ཡིས་རིམ་ཁག་སྡེ་ཚན་ཁག་གིས་རིམས་འགོག་དངོས་ཟོག་དང་དམངས་འཚོའི་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་སྲིང་དམག་འཐབ་རྒྱག་པའི་གྲ་སྒྲིག་གང་ལེགས་བྱེད་པ་དང་། ཞལ་འདེབས་དངོས་ཟོག་སྣ་ཚོགས་བསྡུ་ལེན་དང་བཀོད་སྒྲིག་གི་ལས་ཀ་ཡག་པོ་སྒྲུབ་དགོས། གྲོང་ཁྱེར་སྒྲིག་ཨུད་དང་། དམངས་སྲིད། རྩིས་བཤེར། ནོར་སྲིད་བཅས་ཀྱིས་དངོས་ཟོག་གི་དགོས་མཁོ་དང་ཉོ་སྒྲུབ།ཟོག་འདྲེན། བསྡུ་ལེན། བགོ་བཤའ་བཅས་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་ཀྱི་གསོག་འཇོག་སྟོབས་ཤུགས་ཆེ་རུ་གཏོང་ཞིང་གཞུང་ལམ་འགྲིམ་འགྲུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཤར་བགྲོད་ལམ་འགན་ལེན་གྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་སྒྲུབ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་འགོག་དངོས་རྫས་བེད་སྤྱོད་གྲོན་ཆུང་བྱ་དགོས། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་ནས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག