གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་འཚོགས་པ།

  • 2021-01-15
  • ཡོང་ཁུངས། ཆབ་མདོའི་ཚགས་པར།
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2020ལོའི་ཟླ12ཚེས31ཉིན་གྱི་ཕྱི་དྲོ་སྐབས་གཉིས་པའི་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཚོགས་འདུའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། ལྗོངས་ཏང་ཨུད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད་ཐེངས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་ཡོད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཀྱིས་ཚོགས་འདུར་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་གནང་ཞིང་། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཚོགས་འདུའི་དགོངས་དོན་ལ་གཏིང་ཟབ་ངང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་། བྱས་རྗེས་འཇོག་པར་ང་ཡིས་འབད་པའི་བསམ་ཕྱོགས་སེམས་ལ་བཅངས་པ་དང་། ཏན་ཏན་ཏིག་ཏིག་དང་། བརྟན་ཐོག་ཡར་འཕེལ་བཅས་བྱས་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད།


ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག