ཆབ་མདོ་གྲོང་ཁྱེར་གྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ སྤེལ་བའི་ལས་དོན་ལ་སྐུལ་འདེད་བཏང་བ།

  • 2020-07-28
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་ལས་དོན་ལ་རོགས་སྐྱོར་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྨར་ཁམས་དང་། དཔའ་ཤོད། དཔལ་འབར་བཅས་རྫོང་གསུམ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་ལ་བརྩིས་ནས། གྲོང་གསེབ་དྲ་ཐོག་ཚོང་དོན་གྱི་འཛད་སྤྱོད་ཁྲོམ་ར་རྒྱ་སྐྱེད་གཏོང་བ་དང་ཁམས་པའི་ཞིང་ཞོར་ཐོན་རྫས་ཀྱི་ཁྱད་ལྡན་ཚོང་ཟོག་དྲ་ཐོག་ཏུ་ཕྱིར་ཚོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་འབད་འཐབ་ཀྱི་ཁ་ཕྱོགས་སུ་བྱས་ཏེ། དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་ལ་རོགས་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་སྨར་ཁམས་དང་། དཔའ་ཤོད། དཔལ་འབར་བཅས་དཔེ་སྟོན་རྫོང་གསུམ་གཙོ་གནད་དུ་བཟུང་སྟེ། བཟོ་ལས་ཐོན་རྫས་གཤམ་སྤེལ་དང་ཞིང་ཞོར་ཐོན་རྫས་གྲོང་འདྲེན་གྱི་ཕྱོགས་གཉིས་ཀྱི་འཁོར་རྒྱུག་དྲ་རྒྱའི་ཁྲོད་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་བེད་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ཞིང་། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱིས་རྫོང་ཁོངས་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་3དང་། O2Oའགྲེམས་ཚོང་ལྟེ་གནས་5 རྫོང་ཁོངས་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་2 ཤང་གྲོང་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་24 གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ས་ཚིགས་116བཅས་བཙུགས་ཡོད།

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག