ཨ་པུས་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས་ནན་གསུང་གནང་དོན།
- 2020-05-22
-
- ལོངས་སྤྱོད་ནས།
- 0ཐེངས།
ལས་ཡུན་གྱི་དམིགས་ཚད་མི་འགྱུར་བ་དང་ལས་འགན་མི་ཆག་པ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་སྤུས་ཚད་ལ་འགན་ལེན་གྱི་རྨང་གཞིའི་ཐོག་སྔ་སྣུར་དུ་ལག་ལེན་བསྟར་བའི“ལོ་ལྔ་ཚན་བཅུ་བཞི་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
↑འདི་ནི་ཨ་པུས་མཛེས་ཐང་ཡུག་ཁུལ་དུ་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་ལས་ཡུལ་དངོས་སུ་མཛུབ་སྟོན་གནང་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། (གསར་འགོད་པ་ཚེ་རིང་བསམ་གྲུབ) ཚེས14ཉིན་གྱི་ཕྱི་དྲོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་སྔ་རྗེས་སུ་མཛེས་ཐང་ཁུལ་དང་། གཡེར་སྟོད་གྲོང་ཚོ། སྟག་གཡེར་ཁ་བཅས་སུ་ཕེབས་ནས་གྲོང་ཁྱེར་ཕྱོགས་བསྡུས་ལུས་རྩལ་ཁང་དང་། གཙང་གསུམ་གདོད་མའི་སྐྱེ་ཁམས་རིག་གནས་མཁར་གྲོང་། གཡེར་སྟོད་གྲོང་ཚོའི་སྤྱི་གླིང་བཅས་ཀྱི་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ལས་ཡུན་གྱི་དམིགས་ཚད་མི་འགྱུར་བ་དང་ལས་འགན་མི་ཆག་པ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་སྤུས་ཚད་ལ་འགན་ལེན་གྱི་རྨང་གཞིའི་ཐོག་སྔ་སྣུར་དུ་ལག་ལེན་བསྟར་བའི“ལོ་ལྔ་ཚན་བཅུ་བཞི་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝེ་ཏུང་དང་། ཧྲེ་ཀྲང་གཞོན་པ་ཝེ་ཆང་རྣམ་གཉིས་ཕེབས་རོགས་ཞུས་ཡོད།
མཛེས་ཐང་ཡུག་ཁུལ་དུ་ཨ་པུས་ལས་གྲྭའི་མྱུར་ཚད་ལ་གཟིགས་ཞིབ་དང་ལས་གྲྭའི་འཛུགས་སྐྲུན་ཐད་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ཤེས་རྟོགས་ཞིབ་ཕྲ་གནང་ནས་རྣམ་གྲངས་སྔ་མོ་ནས་ལེགས་གྲུབ་ཡོང་རྒྱུའི་བླང་བྱ་བཏོན་ཡོད།
གཙང་གསུམ་གདོད་མའི་སྐྱེ་ཁམས་རིག་གནས་མཁར་གྲོང་དུ་ཨ་པུས་འགྲེམས་སྟོན་ཁང་གི་འཆར་འགོད་དང་ཇུས་འགོད་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་འགྲེམས་སྟོན་ཁང་ནང་ལོ་ངོ་བདུན་ཅུ་ལྷག་གི་རིང་ཆབ་མདོར་ཐོབ་པའི་འཕེལ་རྒྱས་གསར་པ་གྲུབ་འབྲས་གསར་པ་འཕོ་འགྱུར་གསར་པ་འགྲེམས་སྟོན་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
ཚེས12ཉིན་གྱི་སྔ་དྲོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་ཆབ་མདོ་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་རྙིང་པ་སྲུང་སྐྱོབ་དང་འགྲེམས་སྟོན་ལས་གྲྭར་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་མྱུར་ཚད་ལ་རྟོག་ཞིབ་གནང་ཡོད།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག