ཆབ་མདོ་གྲོང་ཁྱེར་གྱི་ཚན་པ་མང་པོས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་གྲ་སྒྲིག་བྱས་...
- 2025-01-14
-
- ལོངས་སྤྱོད་ནས།
- 0ཐེངས།
ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་དུས་ཐོག་ཏུ་ལས་དོན་བཀོད་སྒྲིག་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཐོག་ཏུ་གྲོང་ཁྱེར་རིམ་པའི་ཚན་པ་མང་པོ་བཀོད་སྒྲིག་བྱས་པ་དང་། རོགས་སྐྱོབ་དང་དངོས་ཟོག་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་གྲ་སྒྲིག་བྱས་ཡོད།
རོགས་སྐྱོབ་བྱ་སྤྱོད་བཀོད་གཏོང་བྱས་ཏེ་ཁ་རུབ་དང་། མཛོ་སྒང་། འཇོ་མདའ། སྨར་ཁམས། གོ་འཇོ་སོགས་ནས་མི165 རླངས་འཁོར25 བསྡུ་རུབ་དང་། སྒྲིག་ཆས400འཁྱེར་ཏེ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་བསྐྱོད་ཡོད།
མིག་སྔར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་རོགས་སྐྱོབ་དཔུང་ཁག་ཡོམ་ཁུལ་དུ་བསྐྱོད་ཀྱིན་ཡོད་ལ། ཡོམ་ཁུལ་དུ་འབྱོར་རྗེས་དུས་ཐོག་ཏུ་རོགས་སྐྱོབ་ལས་དོན་སྤེལ་རྒྱུ་རེད།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག