རང་རེའི་གྲོང་ཁྱེར་གྱིས“ཏང་འཛུགས་སྣེ་ཁྲིད་ཀྱིས་དོན་དངོས་སྒྲུབ། གསུམ་གསར་ཞབས་ཞུ་ཡིས་བདེ་ཐང་སྐྱེལ”ཞེས་པའ...

  • 2025-01-14
  • ལོངས་སྤྱོད་ནས།
  • 0ཐེངས།

དམངས་བདེ་སྨན་ཁང་གི་སྨན་པས་གྲོང་མིར་ཁྲག་ཤེད་ལྟ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པོའི་ཚེས3ཉིན་གྱི་སྔ་དྲོ། རང་རེའི་གྲོང་ཁྱེར་གྱིས་ཇ་རྟའི་ཐང་ཆེན་དུཏང་འཛུགས་སྣེ་ཁྲིད་ཀྱིས་དོན་དངོས་སྒྲུབ། གསུམ་གསར་ཞབས་ཞུ་ཡིས་བདེ་ཐང་སྐྱེལཞེས་པའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ནང་གྲོང་མི་300ལྷག་ཙམ་གྱིས་གོ་རིམ་ལྡན་པའི་ངང་བང་སྒྲིག་ནས་ཁྲག་ཤེད་ལྟ་རོགས་ཞུ་བ་དང་། བདེ་ཐང་བློ་འདྲི། སྨན་རྫས་ལེན་པའི་བྱེད་སྒོ་ནང་ཞུགས་ཡོད། སྨན་དོན་མི་སྣས་ཆེད་ལས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད་ཅིང་། ངང་རྒྱུད་རིང་པོས་ཞབས་ཞུའི་རྣམ་འགྱུར་ཞིབ་ཚགས་ཀྱི་ཐོག་ནས་གྲོང་མི་ཚོར་ཕྱོགས་ཡོངས་ནས་བདེ་ཐང་བློ་འདྲི་དང་ཆེད་ལས་ཀྱི་སྨན་བཅོས་གྲོས་འགོ་མཁོ་འདོན་བྱས་ཡོད་ཅིང་། གཞན་ཡང་སྨན་དོན་མི་སྣ་ཚོས་རང་འགུལ་ངང་སྡེ་ཁུལ་གྱི་སྨན་ཚོང་ཁང་དུ་སོང་ནས་སྨན་རྫས་སྐྱེལ་བའི་ཞབས་འདེགས་ཞུས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་རིན་ཐང་སྒོར་38000ཟིན་པའི་སྨན་རྫས་སྤྲད་པས་སྨན་བཅོས་སྒྲིག་གཞི་དང་ཁོངས་གཏོགས་ཁུལ་གྱི་གྲོང་མི་དབར་གྱི་འབྲེལ་བ་དང་མཉམ་འགུལ་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ། རང་རེའི་གྲོང་ཁྱེར་གྱི་བདེ་ཐང་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱང་བཏང་ཡོད།

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག