ལའོ་ཆིན་འུའུ་ཡིས་འཇོ་མདའ་དང་གོ་འཇོ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ།
- 2023-12-04
-
- ལོངས་སྤྱོད་ནས།
- 0ཐེངས།
ལའོ་ཆིན་འུའུ་ཡིས་སློབ་ཐོན་སློབ་མ་ཚུལ་ཁྲིམས་སྒྲོལ་མའི་འཚོ་བ་དང་། སློབ་སྦྱོང་། ལས་ཞུགས་བཅས་ཀྱི་གནས་ཚུལ་ལ་འདྲི་ཞིབ་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་མཚམས་སུ། ཟླ11པའི་ཚེས23ཉིན་ནས་ཚེས25ཉིན་བར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་བླང་བྱ་ནན་ཏན་ངང་ལག་བསྟར་བྱས་ནས་འཇོ་མདའ་རྫོང་དང་གོ་འཇོ་རྫོང་དུ་ཟབ་ཞུགས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་། མང་ཚོགས་ཀྱི་འབབ་འཕར། གཞི་རིམ་བཅོས་སྐྱོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་རྟོག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་ཏེ“ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པའི”རྩ་བའི་ལས་འགན་ལ་དམིགས་པ་དང་། དངོས་སྒྲུབ་ཀྱི་བྱ་སྤྱོད་དང་། དངོས་འཛིན་ལས་གཏོད་ལ་དམིགས་པ། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་པ། བྱ་ཐབས་སྣ་མང་བཅས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་འཇོ་མདའ་རྫོང་ཆུ་གཉིས་མདོ་ཤང་ཅོར་གཞུང་གྲོང་ཚོའི་བྱེ་རྡོ་ར་བའི་ནང་ཕེབས་ཏེ་བྱེ་རྡོ་ར་བ་བཅོས་སྒྲིག་བྱས་ཚུལ་ལ་བརྟག་ཞིབ་བྱས་པ་དང་། དག་ཐེར་ཇུས་གཞི་དམ་འཛིན་ཏན་ཏིག་བྱས་ནས་བཅོས་སྒྲིག་བྱ་ཐབས་ཞིབ་ཕྲ་དོན་འཁྱོལ་བྱས་ཏེ་བཅོས་སྒྲིག་གི་ཕན་འབྲས་འགན་ལེན་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་མང་ཚོགས་འབབ་འཕར“གཉིས་ཁེ”ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
སྤོ་ལོ་ཤང་སློབ་ཆུང་དང་པོ་རུ་ལུའོ་ཆིང་འུའུ་ཡིས་སློབ་མའི་ཉལ་ཁང་དང་། སློབ་མའི་ཟ་ཁང་། སློབ་ཁྲིད་ཐོག་ཁང་བཅས་སུ་བསྐྱོད་དེ་སློབ་གྲྭའི་དྲོད་རླངས་མཁོ་འདོན་འདུ་འགོད་དང་། བཟའ་བཅའི་བདེ་འཇགས། སློབ་གསོ་སློབ་ཁྲིད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། སློབ་གྲྭའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་བ་དང་སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས“འགན་ལེན་གསུམ”གྱི་ལས་དོན་ལ་གནད་སྨིན་སྐུལ་འདེད་གཏོང་དགོས་ཞེས་བཤད།
ལའོ་ཆིན་འུའུ་ཡིས་ད་དུང་འཇོ་མདའ་གྲོང་རྡལ་སྐལ་ཐང་གྲོང་ཚོའི་བོད་བཟོའི་གྱོན་ཆས་ལས་སྣོན་བཟོ་གྲྭ་དང་། སྤོ་ལོའི་ཆུ་ཤུགས་གློག་ཁང་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱས་ཡོད།
གོ་འཇོ་རྫོང་དུ་ལའོ་ཆིན་འུའུ་ཡིས་འབྲེལ་གཏུག་བྱ་ཡུལ་ངག་དབང་དང་ཀུན་དགའ་ཡེ་ཤེས་གཉིས་ལ་འཚམས་འདྲི་བྱས་ཏེ་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ལ་ཞིབ་བཤེར་དང་། ཁྱིམ་ཚང་གི་ཡོང་འབབ་དང་བུ་ཕྲུག་ལས་ཞུགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བའི་ཁར། ཁོ་ཚོར་འབད་འབུངས་ཡར་བརྩོན་གྱི་འཚོ་བའི་རྣམ་འགྱུར་གྱི་ཐོག་ནས་རང་ངོས་ཀྱི་འབད་བརྩོན་དང་སྲིད་གཞུང་གི་རོགས་སྐྱོར་བརྒྱུད་དཀའ་ངལ་ཁྱད་བསད་བྱས་ཏེ་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་གཏོང་རྒྱུའི་ལྕག་སྐུལ་གནང་ཡོད།
འབྲེལ་གཏུག་བྱ་ཡུལ་དགོན་པ་སྟེ་ཐའེ་ཤིས་དགོན་དང་ཤིས་ཕོ་དགོན་དུ་ལའོ་ཆིན་འུའུ་ཡིས་དགོན་སྡོད་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་དང་། དགོན་སྡེའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་དང་དགོན་སྡོད་ལས་བྱེད་པའི་གཞུང་དོན་ཁང་དང་ཞག་སྡོད་ཆ་རྐྱེན་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ནས་དགོན་པའི་དོ་དམ་ཨུ་ལྷན་དང་དམངས་གཉེར་དོ་དམ་ཨུ་ལྷན་གྱི་འགན་འཁྲི་སྒྲུབ་ཚུལ་ནན་ཏན་ངང་ཤེས་རྟོགས་གནང་བ་རེད།
ལུའོ་ཆིང་ཝུའུ་ཡིས་འབོ་ལོ་གྲོང་རྡལ་ཀུན་བཟང་སྡེ་ཁུལ་དང་། སྐུ་མདའ་གྲོང་ཚོ། གོ་འཇོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་འབབ་འཕར་གཞུང་དོན་ཁང་བཅས་སུ་བསྐྱོད་དེ“འབབ་འཕར་གྱི་བྱེད་ཐབས་གལ་ཆེན་བཅུའི”དོན་འཁྱོལ་ཕན་འབྲས་ལ་རྟོག་ཞིབ་བྱས་པ་རེད།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག