ལའོ་ཆིན་འུའུ་ཡིས་སྨར་ཁམས་དང་མཛོ་སྒང་དུ་བརྟག་ཞིབ་གནང་སྐབས།

  • 2023-12-06
  • ལོངས་སྤྱོད་ནས།
  • 0ཐེངས།

ཐོན་ཁུངས་ཀྱི་ལེགས་ཆར་དམིགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

ལའོ་ཆིན་འུའུ་ཡིས་མཛོ་སྒང་རྫོང་སྟོབས་འབར་ཤང་བཅུད་གཡང་གྲོང་ཚོའི་མི་སེར་གྱི་སྡོད་ཁང་ལ་ལྟ་ཞིབ་བྱས་ནས་ལོ་རྒྱུས་རིག་གནས་ལ་ཤེས་རྟོགས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་ཟླ་11ཚེས་26ཉིན་ནས་ཚེས་28ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིང་འུའུ་ཡིས་“གཞི་རིམ་དུ་སྐྱོད་པ་བཞིའི་”ལས་ཀའི་བྱ་ཐབས་ཐོག་ནས་སྨར་ཁམས་རྫོང་དང་། མཛོ་སྒང་རྫོང་གི་གཞི་རིམ་ཤང་གྲོང་དང་གྲོང་ཚོ(གྲོང་ལྷན) སློབ་གྲྭ རྣམ་གྲངས་སྐྲུན་ཡུལ་བཅས་སུ་བསྐྱོད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་། རྣམ་གྲངས་འཛུགས་སྐྲུན།གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་། དམངས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

སྨར་ཁམས་རྫོང་འགག་རྡོའི་ཧའོ་ཝ1800ཟིན་པའི་འོད་ཤུགས་གློག་འདོན་གྱི་རྣམ་གྲངས་སྐྲུན་ཡུལ་དང་བཤོལ་ཝ་ལུང་གློག་ཁང་། རོང་སྨད་གློག་ཁང་སོགས་སུ་ལའོ་ཆིན་འུའུ་ཡིས་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་ནས་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ཤེས་རྟོགས་གནང་ཞིང་ཁོང་གིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་།རྩྭ་རྩི་ཤིང་།རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས།ས་གནས་ལ་བདེ་སྐྱིད་སྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དེ་གའི་ལས་མི་དང་ལས་ཞུགས། ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་ཁྲིད་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་མང་ཚོགས་ཞུགས་ཚད་དང་ཁས་ལེན་བྱེད་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན།

ལའོ་ཆིན་འུའུ་འགག་རྡོ་ཤང་སློབ་ཆུང་དང་གྲུ་པ་ལུང་ཤང་ལྟེ་བའི་སློབ་ཆུང་དང་པོར་བསྐྱོད་དེ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་སློབ་གྲྭའི་རིག་གནས་གཡུལ་ས་འཛུགས་སྐྱོང་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་།ཁོང་གིས་སློབ་གྲྭའི་བདེ་འཇགས་ནི་སློབ་གྲྭའི་ལས་དོན་གྱི་འགངས་ཆེའི་ནང་གི་འགངས་ཆེ་ཞིག་དང་དམ་འཛིན་ལྷོད་མེད་བྱེད་དགོས་པའི་མཐའ་ཚད་ཀྱི་འདུ་འགོད་ཅིག་ཡིན་པས་ཟ་ཁང་གི་ཟས་རིགས་ཉར་ཚགས་དང་ལས་སྒྲུབ་མི་སྣའི་གཟུགས་གཞི་བརྟག་དཔྱད་ཀྱི་དོན་དངོས་རང་བཞིན་གྱི་ཞིབ་བཤེར་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་དགེ་སློབ་ཚོའི“ལྕེ་ཐོག་གི་བདེ་འཇགས”བརྟན་པོ་་སྲུང་་དགོས་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་སྒྲིག་འཛུགས་དང་རིག་རྩལ་རུ་ཁག་འཛུགས་རྒྱུར་དམ་འཛིན་བྱས་ནས་སློབ་གྲྭའི་ནང་གི་རིག་གནས་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་དཔེ་ཁྲིད་མི་སྐྱོང་གི་ཁོར་ཡུག་ལེགས་སུ་བཏང་སྟེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས་ཞེས་བསྟན།

གྲུ་པ་ལུང་ཤང་སྤྱི་སྲུང་སྒང་གྲོང་ཚོར་ལའོ་ཆིན་འུའུ་ཡིས་གནས་སྤོས་ཡུལ་མིའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཁོང་གིས་གྲོང་སྡེའི་དངོས་སྤྱོད་རང་བཞིན་གྱི་འཆར་འགོད་བཟོ་བ་དང་ལྷག་དོན་དུ་གཙང་པོའི་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་བྱེད་པའི་ཆུ་རགས་དང་། གཙང་པོ་སྒྲོལ་བའི་ཟམ་ཆེན་འཛུགས་སྐྲུན། གཞུང་ལམ་ཨར་འདམ་དུ་འགྱུར་བ་བཅས་ཉིན་རེའི་གྲོས་རིམ་ནང་བཅུག་ནས་སྤྱི་འདོམས་ཞིབ་འཇུག་དང་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ་སྤྱི་སྲུང་སྒང་གྲོང་ཚོ་འདི་ཉིད་གཙོ་གནད་རྣམ་གྲངས་ཀྱི་གནས་སྤོའི་བཀྲག་མདངས་འཚེར་སའི་ལས་གྲྭ་ཞིག་ཏུ་ཧུར་ཐག་བསྐྲུན་ནས་སྡོད་རྒྱུར་འཚམ་པའི་བྱ་གཞག་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

རྒྱ་བོད་འཇང་གསུམ་གྱི་ཁྱད་ཆོས་ལྡན་པའི་སྟོབས་འབར་གྲོང་མིའི་སྡོད་ཁང་ལ་ད་བར་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དཔང་རྟགས་སུ་གྱུར་ཡོད། མཛོ་སྒང་རྫོང་སྟོབས་འབར་ཤང་བཅུད་གཡང་གྲོང་ཚོར་སླེབས་སྐབས་ལའོ་ཆིན་འུའུ་ཡིས་མིསེར་གྱི་སྡོད་ཁང་དུ་འཛུགས་སྐྲུན་གྱི་ཉམས་འགྱུར་ལ་ལྟ་ཞིབ་བྱས་ནས་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་བྱས་པ་རེད། ཁོང་གིས་སྟོབས་འབར་གྲོང་མིའི་རིག་གནས་ཀྱི་བརྒྱུད་རིམ་དང་རིན་ཐང་གི་འདུ་ཤེས་སྔོག་འདོན་གཏིང་ཟབ་བྱས་ནས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་སྤུས་ཚད་ལ་བརྟེན་པ་དང་། དར་སྲོལ་གསར་པ་དར་སྤེལ་གཏོང་བ། ཉམས་འགྱུར་གསར་པ་མངོན་པ་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།


ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག