ཆབ་མདོའི་སྙིང་ནད་ཕོག་པའི་ནད་པ་8ལ་ཤགས་བཅོས་ལེགས་གྲུབ་བྱུང་བ།
- 2023-12-04
-
- ལོངས་སྤྱོད་ནས།
- 0ཐེངས།
གཤགས་བཅོས་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་19ཉིན་སྙིང་ནད་ཕོག་པའི་བྱིས་པ་5ཡི་ནང་མིས་སྨན་བཅོས་བྱེད་མཁན་སྨན་པ་གཙོ་བོ་དང་དེ་བཞིན་ཚོགས་པའི་ནང་མིར་དགའ་སྤྲོའི་ངང་ཞལ་གྱེས་ཞུས་ནས་སྨན་ཁང་ནས་བདེ་བླག་ངང་ཐོན་པ་དང་འབྲེལ་སྨན་ཁང་ལ་དར་ཁྲ་ཕུལ་ནས་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་མཚོན་པར་བྱས་ཡོད།
ཉེ་ཆར། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་དང་པེ་ཅིང་སེམས་མཐུན་མཉམ་གཏོད་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་འོག ཆབ་མདོའི་ལྷན་སྐྱེས་སྙིང་ནད་དང་སྒལ་གཞུང་གཞོགས་འཁྱོག མཆུ་རྐན་གཉིས་ཤོ་བཅས་ཀྱི་ནད་པ14ལྷ་ས་དང་པེ་ཅིང་དུ་རིན་མེད་གཤགས་བཅོས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་སྙིང་ནག་ཕོག་པའི་ནད་པ5དང་། སྒལ་གཞུང་གཞོགས་འཁྱོག་ནད་པ2 མཆུ་རྐན་གཉིས་ཤོ་ནད་པ1བཅས་ལ་གཤགས་བཅོས་བདེ་བླག་བྱུང་བ་དང་། སྒལ་གཞུང་གཞོགས་འཁྱོག་ནད་པ་2ལ་སྣེ་ཁྲིད་བྱེད་བཞིན་ཡོད་པ། ནད་པ་གཞན་དག་གི་སྨན་བཅོས་ཇུས་གཞི་ཞིབ་བསྡུར་བྱེད་བཞིན་ཡོད་པ་རེད།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག