འབྲི་ཆུ་སྟོད་རྒྱུད་ཁྲོན་བོད་དུམ་བུ་འབའ་ཐང་གློག་ཁང་གི་ལྡོག་འདྲེན་དོང་སྒོ་བརྒྱབ་རྒྱུ་གྲུབ་འབྲས་ཐོབ་པའི...
- 2023-12-06
-
- ལོངས་སྤྱོད་ནས།
- 0ཐེངས།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་སྤེལ་གསལ། ཉེ་ཆར། ཀྲུང་གོ་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་ཁྲོན་བོད་རྒྱུད་དུམ་བུ་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞི་སྟེ། འབའ་ཐང་ཆུ་ཤུགས་གློག་ཁང་གི་ལྡོག་འདྲེན་དོང་སྒོ་རྒྱག་པའི་ལམ་ཚད་རྡོ་རིང་ལྟ་བུའི་ལྷུ་ཚིགས་དེ་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱུང་ཞིང་། 2023ལོར་འཕྲུལ་ཚན་གསུམ་ལ་གློག་འདོན་ཆ་རྐྱེན་འཛོམས་ཡོད། འབའ་ཐང་གློག་ཁང་ནི་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་ལས་གཞི་གལ་ཆེན་102ལས་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ནང་གི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་འབྲི་ཆུའི་སྟོད་རྒྱུད་ཁྲོན་བོད་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞི་གཅིག་ཅན་དུ་གྱུར་པའི་དཔེ་སྟོན་རྟེན་གཞིའི་གློག་ཁུངས་ཀྱི་མཐུན་རྐྱེན་གལ་ཆེན་ཞིག་རེད། གློག་ཁང་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབའ་ཐང་རྫོང་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁོངས་སུ་ཡོད་པ་དང་། 2017ལོའི་ཟླ10པར་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་ནས་ཆོག་མཆན་ཐོབ་པ་དང་། 2020ལོའི་ཟླ12པར་གློག་ཁང་གི་ལས་གྲྭ་གཙོ་གནད་འགོ་ཚུགས་པ་དང་། འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི75དང་ཆུ་མཛོད་ནང་ཆུ་གཏིང་ཚད་སྨི2545ཙམ་གསོག་ཡོད། ཆུ་མཛོད་ནང་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.42ཙམ་ཤོང་གི་ཡོད། ལས་གཞི་འཛུགས་སྐྲུན་བྱེད་རིང་། འབའ་ཐང་གློག་ཁང་གིས་ལས་གཞི་སྤུས་ལེགས་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས། རྒྱལ་ནང་དུ་རང་བྱུང་གི་ཆུ་ལམ་དང་ལག་རྩལ་གྱིས་བསྐྲུན་པའི་ཉ་ལམ་ཟུང་འབྲེལ་གྱི་ཐོག་ནས་ཉ་རིགས་འགྲོ་སའི་ཆུ་ལམ་ཐོག་མར་བསྐྲུན་པ་རེད། དེ་ཡང་ཆུ་འགྲོ་སའི་ཆུ་ཁུང་དང་ཆུ་རགས་ཀྱི་གཞི་གདན། ཆུ་ལོག་གཤོང་བའི་ཁུང་བུ་དང་བཟོ་གྲྭའི་ཀ་རྟེན་ཨར་འདམ་གྱི་རྩིག་གདན་སོགས་ལས་གཞི་དེ་དག་གི་སྤུས་ཀ་ནི་རྒྱལ་ནང་དུ་རྩེ་གྲའི་གྲས་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འབའ་ཐང་ཆུ་ཤུགས་གློག་ཁང་བསྐྲུན་ཟིན་ནས་གློག་མཁོ་འདོན་བྱས་རྗེས་ལོ་ལྟར་དྭངས་གཙང་ནུས་རྒྱུ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་33.75ཟིན་རྒྱུ་ཡིན་པ་དང་། དེའི་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི105ཙམ་གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་རྫས་ཕྱིར་འབུད་བྱེད་ཚད་ཏུན་ཁྲི315ཉུང་དུ་ཕྱིན་ཡོད་པ་དང་གཅིག་མཚུངས་ཡིན་པ་རེད། གློག་ཁང་སྐྲུན་འགོ་ཚུགས་པ་དེས་ས་གནས་དེ་གའི་འགྲིམ་འགྲུལ་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་། ལས་ཞུགས་ལས་གནས་མང་དུ་ཕྱིན་ཞིང་ཐོན་ཁུངས་ཀྱི་དགེ་མཚན་དཔལ་འབྱོར་གྱི་དགེ་མཚན་དུ་ཆགས་པ་སོགས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། འབྲི་ཆུ་སྟོད་རྒྱུད་ཁྲོན་བོད་དུམ་བུ་འབའ་ཐང་གློག་ཁང་གི་ལྡོག་འདྲེན་དོང་སྒོ་བརྒྱབ་རྒྱུར་གྲུབ་འབྲས་ཐོབ་པ།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག