ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་འཆར་འགོད་འགྲེམས་སྟོན་ཁང་དུ་རྟོག་ཞིབ་གནང་བ།
- 2023-12-06
-
- ལོངས་སྤྱོད་ནས།
- 0ཐེངས།
ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་འཆར་འགོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས28ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་འཆར་འགོད་འགྲེམས་སྟོན་ཁང་དུ་རྟོག་ཞིབ་གནང་བ་མ་ཟད་འབྲེལ་ཡོད་ལས་ཀའི་སྙན་སེང་ལ་གསན་ཡོད་པ་རེད།
ཆབ་མདོ་འཆར་འགོད་འཛུགས་སྐྲུན་འགྲེམས་སྟོན་ཁང་དེ་ནི“མུ་འབྲེལ་རི་གྲོང་། གཙང་གསུམ་མུ་ཏིག”ཅེས་པ་བརྗོད་དོན་གཙོ་བོ་བྱས་ཡོད་ལ། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ700ཟིན། མཁར་གྲོང་གི་འཆར་འགོད་གྲུབ་འབྲས་འགྲེམས་སྟོན་དང་། མཁར་གྲོང་གི་འཕེལ་རྒྱས་དང་འཕོ་འགྱུར་ཟིན་ཐོ་འགོད་པ་སོགས་ནུས་པ་མང་པོ་ལྡན་ཡོད། དེ་ལས་བྱེ་གཞོང་དང་། དཔེ་དབྱིབས། པར་གཞི། སྒྲ་འོད་སོགས་ལག་རྩལ་མཉམ་འདྲེས་བྱས་ནས་གྲངས་གཞི་དང་། རེའུ་མིག རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འབོར་ཆེན་མཉམ་འདྲེས་བྱས་པ་དེ་ཐོག་ནས་ཆབ་མདོའི་དུས་ཡུན་རིང་པོའི་ལོ་རྒྱུས་དང་། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད)ཆབ་སྲིད། དཔལ་འབྱོར། རིག་གནས། འོད་སྟོང་འབར་བའི་འཛུགས་སྐྲུན་གྲུབ་འབྲས་དང་རྫོང་ཆུས་ཁག་གི་འཕེལ་རྒྱས་སོགས་གཅིག་སྡུད་མཚོན་པར་བྱས་ཡོད།
ཀུང་ཧུའེ་ཚའེ་ཡིས་འཆར་འགོད་འགྲེམས་སྟོན་ཁང་གི་འགྲེམས་ཁང་ཁག་ལ་རིམ་པ་བཞིན་ལྟ་སྐོར་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འཕོ་འགྱུར་དང་གྲོང་ཁྱེར་གྱི་འཆར་འགོད་ལོ་རྒྱུས་དང་དེ་བཞིན་ད་ལྟའི་གནས་ཚུལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོང་གིས་གྲོང་ཁྱེར་གྱི་འཆར་འགོད་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་གྲོང་ཁྱེར་འཛུགས་སྐྲུན་ནུས་ལྡན་བྱ་རྒྱུར་ཕན་པ་དང་གྲོང་ཁྱེར་གྱི་ནུས་པ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མགྱོགས་མྱུར་ལེགས་སུ་གཏོང་རྒྱུར་ཕན་པ་ཡོད། རིམ་པ་ཁག་དང་ཚན་པ་ཁག་ལྷག་པར་དུ་རང་བྱུང་ཐོན་ཁུངས་ཅུས་ཀྱིས་འཆར་འགོད་དོ་དམ་གྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་འཆར་འགོད་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་འཆར་འགོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས“འཆར་འགོད་སྔོན་ལ་ལག་བསྟར་བྱེད་པའི”འདུ་ཤེས་ལག་བསྟར་ཏན་ཏིག་བྱེད་དགོས། འཆར་འགོད་སྒྲིག་བཟོའི་བཟོ་བཅོས་རྒྱག་པའི་བརྒྱུད་རིམ་ནང་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྤྱིའི་འཆར་འགོད་དང་ཞིབ་ཕྲའི་འཆར་འགོད་ཀྱི་རྒྱུན་མཐུད་རང་བཞིན་དང་། གཅིག་མཐུན་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་བསམ་གཞིག་བྱ་རྒྱུར་སྣང་ཆེན་བྱེད་པ་དང་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་དང་། ས་ཆ་བེད་སྤྱོད་ཀྱི་འཆར་འགོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སོགས་འཆར་འགོད་སྣ་ཚོགས་ལ་སྤྱི་འདོམས་བསམ་གཞིག་བྱས་ནས“འཆར་མང་གཅིག་སྒྲིལ”ཐུབ་པ་བྱེད་དགོས། འཆར་འགོད་དོན་འཁྱོལ་བྱེད་རྒྱུ་ཇི་མ་ཇི་བཞིན་དམ་འཛིན་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་གཞོན་པ་དང་བོད་ཤར་གྱི་དྭངས་གཙང་ནུས་རྒྱུའི་གསར་སྤེལ་ཁུལ་གྱི་གནས་ཐིག་གཏན་འཁེལ་བྱེད་རྒྱུར་གཞི་ཚུགས་པ་དང་། འཆར་འགོད་གཅིག་འགོད་མཐའ་འཁྱོངས། གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལག་བསྟར་བྱེད་རྒྱུར་དམ་འཛིན་ཡག་པོ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཏན་ཏིག་ཞུ་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་དང་ཧྲི་ཀྲང་གཞོན་པ་ལིའུ་ཝུན་ཏེ་བྱེད་སྒོར་ཞུགས་ཡོད།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག