རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་རང་གྲོང་ཁྱེར་དུ་རིམས་ནད་སྔོ...

  • 2022-08-29
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་20ཉིན་རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་སིའི་འགན་འཁུར་བ་དབྱང་ཧྥུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཕྱོགས་བསྡུས་ཚོགས་ཆུང་དང་བཅས་པ་སྣེ་ཁྲིད་དེ་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་དུ་ཟབ་ཞུགས་བྱས་ནས་ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད་དང་གདགས་གཤིས་ཁུངས་འདེད་ཀྱི་ཆེད་དོན་ཚན་ཁག གྲོང་ཁུལ་གྱི་ཉིང་སྐྱུར་དཔེ་ལེན་ས་ཚིགས། ལོགས་འཇོག་ཨར་ཁང་བཅས་ལ་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་མཉམ་དུ་བརྟག་ཞིབ་གནང་བ།ཆབ་མདོ་གྲོང་ཁྱེར་གྱི་ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད་དང་གདགས་གཤིས་ཁུངས་འདེད་ཀྱི་ཆེད་དོན་ཚན་ཁག་གིས་སྤྱི་བདེའི་ཐོན་ཁུངས་དང་ནད་ཡམས་ཚོད་འཛིན་གྱི་ཐོན་ཁུངས་གང་ལེགས་སྤྱད་དེ་གྲངས་གཞི་ཆེ་མོའི་དབྱེ་ཞིབ་བྱས་པ་བརྒྱུད་ནད་ཡམས་རིག་པའི་བརྟག་དཔྱད་དང་དེ་བཞིན་ཐད་འབྲེལ་མི་སྣ་དང་ཐད་འབྲེལ་ཕལ་པ་དབྱེ་ཞིབ་སོགས་ཀྱི་ལས་དོན་སྤེལ་བ་རེད།

ནད་ཡམས་རིག་པའི་བརྟག་དཔྱད་ཀྱི་ལས་ཀའི་བརྒྱུད་རིམ་དང་དེ་བཞིན་འཁོར་སྐྱོད་ཁྲོད་འཕྲད་པའི་དཀའ་ངལ་གྱི་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། དབྱང་ཧྥེང་གིས་བསྟན་དོན། ཆབ་མདོར་རིམས་ནད་བྱུང་རྗེས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་སྡོམ་ཐག་གཅོད་ལས་དོན་སྤེལ་བ་དང་། སྤྱི་བདེ་དང་སྤྱི་པའི་འཕྲོད་བསྟེན་གྱིས་མཐུན་སྦྱོར་ངང་དམག་འཐབ་བྱས་ནས་ཁྱོན་ཡོངས་ནས་རིག་པའི་བརྟག་དཔྱད་ཁུངས་འདེད་དང་། ཐད་འབྲེལ་མི་སྣ་དང་ཐད་འབྲེལ་ཕལ་པ་དང་། རིམས་ནད་དང་འབྲེལ་བ་ཡོད་པའི་ཁུལ་དུ་དོ་དམ་ཚོད་འཛིན་བྱེད་པ་སོགས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་ཞིང་། གསར་དུ་ཐོན་པའི་ནད་དཔེ་ཚང་མ་དོ་དམ་ཚོད་འཛིན་ཁྱབ་ཁོངས་ནང་ཤེས་རྟོགས་བྱུང་བ་དེ་ཐོག་ནས་ཆབ་མདོ་གྲོང་ཁྱེར་གྱི་རིམས་ནད་མཆེད་ལམ་ནད་ཡམས་རིག་པའི་བརྟག་དཔྱད་ཀྱིས་ཚོད་འཛིན་ནི་གནད་ལ་འཁེལ་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་གནས་ཚུལ་བརྟན་པོ་ཡོད་པ་གསལ་བཤད་ཐུབ་ཡོད།

ཆབ་མདོ་གྲོང་ཁྱེར་གྱིས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཉམས་མྱོང་དང་བྱེད་ཐབས་བཟང་པོ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་། ཞན་ཆ་གསབ་པ། དོ་སྙོམས་ཅན་གྱི་དོ་དམ་ལག་བསྟར། བཀོད་འདོམས་གཅིག་གྱུར་བཅས་བྱས་ཏེ་མགྱོགས་མྱུར་ངང་ཁ་གཏད་གཅོག་པ་དང་བདེ་འཇགས་ངང་ཐག་གཅོད་བྱ་རྒྱུའི་འགན་ལེན་བྱེད་དགོས། གཙོ་གནད་ས་ཁོངས་དང་ཉེན་ཁའི་གནས་སུ་ཁྱོན་ཡོངས་ལ་ཁྱབ་པ་དང་གྲལ་བཤེར་བྱས་ནས་རིགས་ཁག་གི་ཉེན་ཁ་ཡོད་པའི་མི་སྣར་གནད་སྨིན་དོ་དམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ་མངོན་མེད་ཀྱི་ཉེན་ཁ་ཚང་མ་མགྱོགས་མྱུར་མེད་པར་བཟོ་དགོས། གྲངས་གཞི་ཆེན་པོ་བེད་སྤྱོད་གང་ལེགས་བྱས་ནས་སྤྱི་ཚོགས་ཀྱི་ངོས་ནས་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་། ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་ནས་ནད་པའི་རྗེས་ཤུལ་དང་དེ་བཞིན“འབྲེལ་ཡོད་གནས”སྟངས་འཛིན་བྱེད་པ། “ཉེན་ཁ་འབྲིང་བ་སྡེ་ཁུལ་ནས་མི་དོན་པ་དང་ཉེན་ཁ་ཆེ་བ་ཁུལ་ནས་ཁྱིམ་ཕྱིར་མི་དོན་པའི་”བླང་བྱ་ལྟར་གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

ཐན་ཅིན་དང་ཆབ་མདོའི་ལུས་རྩལ་ཐང་གི་ཉིང་སྐྱུར་བརྟག་དཔྱད་དཔེ་ལེན་ས་ཚིགས་ཀྱིས་གོ་རིམ་ལྡན་པའི་ངང་སྟ་རྩ་ཐང་གི་གྲོང་མིར་རེས་སྐོར་གསར་པའི་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་དཔེ་ལེན་བྱེད་བཞིན་ཡོད་པ་དང་ལས་དོན་མི་སྣས་ཁྲིད་སྟོན་ཧུར་ཐག་དང་། གྲོང་མིས་གཞོགས་འདེགས་ཧུར་ཐག སྨན་དོན་མི་སྣས་ཚན་རིག་དང་མཐུན་པའི་ངང་དཔེ་ལེན་འཚོལ་བསྡུ་བཅས་བྱས་ནས་བརྒྱུད་རིམ་ཧྲིལ་པོ་ཕན་འབྲས་ཆེ་བ་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཡོད་པ་རེད།

དབྱང་ཧྥུང་གིས་ཞིབ་ཕྲའི་ཐོག་ནས་རྒྱལ་ཕམ་ཐག་གཅོད་བྱེད་པར་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་དེ་མིག་སྔའི་ལས་འགན་ཨང་དང་པོར་བརྩིས་ནས་མ་དཔེ་ལེན་དགོས་རིགས་ཚང་མ་ལེན་རྒྱུ་མཐའ་འཁྱོངས་ཀྱིས་མ་དཔེ་ལེན་པ་དང་། སྐྱེལ་བ། བརྟག་དཔྱད། གོང་ཞུ་བཅས་ཀྱི་ལྷུ་ཚིགས་ཁག་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། བརྟག་དཔྱད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ། བརྟག་དཔྱད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་དཔེ་སྟོན་བྱེད་ས་ཚད་ལྡན་བཟོས་ནས་ཡངས་ཤིང་རྒྱ་ཆེ་ལ་རླུང་རྒྱུག་བདེ་བའི་ཁོར་ཡུག་འགན་ལེན་བྱས་ཏེ་ཚད་ལྡན་ལས་རིམ་ལྟར་མ་དཔེ་འཚོལ་བསྡུ་ཐུབ་པ་བྱེད་དགོས། ས་གནས་ས་ཐོག་གི་སྒྲིག་ལམ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་“བར་ཐག་སྨི་གཅིག”འཇོག་པ་སོགས་ཀྱི་རིམས་འགོག་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་འཚང་གཡོལ་གྱིས་མ་དཔེ་ལེན་པ་དང་མི་སྣ་འདུལ་འཛོམས་བྱ་རྒྱུ་ནན་འགོག་བྱེད་དགོས་པ་དང་། མ་དཔེ་ལེན་པའི་ས་ཚིགས་ཀྱི་འགོས་ནད་ཕོག་པའི་ཉེན་ཁ་ལ་བསམ་གཞིག་གང་ལེགས་བྱས་ནས་མ་དཔེ་ལེན་མཁན་ལ་གདུབ་ཟུམ་དོ་དམ་བྱས་ཏེ་ཁོར་ཡུག་ལ་དུག་སེལ་ཡག་པོ་བྱེད་དགོས།

ལོགས་འཇོག་ཨར་ཁང་དུ་བརྟག་ཞིབ་བྱེད་སྐབས་དབྱང་ཧྥུང་གིས་བརྒྱུད་རིམ་ཧྲིལ་པོར་སྒོ་རྒྱག་དོ་དམ་ལག་བསྟར་ནན་པོ་བྱས་ནས་མི་དང་། དངོས་པོ། ཁོར་ཡུག་བཅས་མཉམ་དུ་རིམས་འགོགབྱས་ནས་ཉེན་ཁ་ཕྱིར་མི་ཐོན་པ་བྱེད་དགོས་པ་དང་། ཨར་ཁང་གི་ལས་དོན་མི་སྣ་ལོགས་འཇོག་དོ་དམ་དང་། ཞབས་ཞུ་འགན་ལེན། མི་སྒེར་གྱི་འགོག་སྲུང་ཤེས་བྱ་གསོ་སྦྱོང་བཅས་ཡག་པོ་བྱས་ནས་ཚད་ལྡན་གྱི་བླང་བྱ་ཁག་སྟངས་འཛིན་ཡག་པོ་བྱས་ཏེ་ཕན་ཚུན་འགོ་ཁྱབ་བྱེད་རིགས་སྔོན་འགོག་བྱེད་དགོས། སྦྲུམ་མ་དང་རྨང་གཞིའི་རང་བཞིན་གྱི་ནད་གཞི་ཕོག་མཁན་སོགས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས་སྨན་ཁང་བསྒྱུར་བ་དང་སྐྱོབ་བཅོས་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ལོགས་སུ་བཞག་པའི་མི་སྣའི་གཟུགས་པོ་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས། ཁོང་གིས་ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་ངེས་པར་དུ་བདེ་འཇགས་ཨང་དང་པོར་བཞག་ནས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་། བསམ་པའི་འཁྱེར་སོ་བཟང་པོ་རྒྱུན་འཁྱོངས་བྱེད་པ། དེ་བས་ནན་ལ་དེ་བས་ཞིབ་ཚགས་པའི་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག