ཕུར་བུ་དོན་གྲུབ་ཀྱིས་ལས་བྱེད་རྒན་གྲས་དང་།བློ་མཐུན་རྒན་གྲས།འཐབ་ཕྱོགས་དང་པོའི་ཁོར་ཡུག་འཕྲོད་བསྟེན་བཟོ་...
- 2021-01-15
-
- ལོངས་སྤྱོད་ནས།
- 0ཐེངས།
ཕུར་བུ་དོན་གྲུབ་ཀྱིས་སྤྱི་བདེ་མི་དམངས་ཉེན་རྟོག་པར་གཟིགས་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2021ལོའི་ཟླ1ཚེས1ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཀྱིས་ཆབ་མདོར་སྡོད་པའི་ལས་འཁྱུར་ལས་བྱེད་རྒན་གྲས་དང་། དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་གྲས། དུས་ཆེན་སྐབས་ལས་གནས་བརྟན་སྲུང་བྱེད་བཞིན་པའི་འཐབ་ཕྱོགས་དང་པོའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པར་གཟིགས་པ་དང་སྦྲགས་གྲོང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་ཁོ་ཚོ་བརྒྱུད་ནས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་བློ་མཐུན་རྒན་གྲས་དང་འཐབ་ཕྱོགས་དང་པོའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པར་བླ་ན་མེད་པའི་གུས་འདུད་དང་སྨོན་འདུན་བཟང་པོ་ཞུས་ཡོད། ཕུར་བུ་དོན་གྲུབ་ཀྱིས་སྔ་རྗེས་སུ་ནག་ཆུ་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་སངས་རྒྱས་བཀྲ་ཤིས་དང་། ཆབ་མདོ་ས་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ས་ཁུལ་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་ཐུབ་བསྟན་ཚེ་རིང་དང་རིན་ཆེན་མཚོ་མོ། ཆབ་མདོ་ས་ཁུལ་སྲིད་གྲོས་དེ་སྔའི་ཀྲུའུ་ཞི་བུ་ཐུབ་བསྟན། ཆབ་མདོ་གྲོང་ཁྱེར་སྲིད་གྲོས་དེ་སྔའི་ཀྲུའུ་ཞི་རིན་ཆེན་གཡང་འཛོམས། དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་གྲས་ཀྲའོ་ཅན་གོས། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་བཅས་ལ་གཟིགས་ཡོད། ཕུར་བུ་དོན་གྲུབ་ཀྱིས་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་ཆབ་མདོའི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་བདེན་དཔང་མཁན་དང་། ཟབ་ཞུགས་པ། གསར་གཏོད་པ་བཅས་ཡིན་པས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ལེགས་སྐྱེས་གལ་ཆེན་ཕུལ་་ཆབ་མདོའི་འཕེལ་རྒྱས་བརྟན་ལྷིང་ཡོང་བར་རྔུལ་ཆུ་གང་མང་གཏོར་བས་ན་ཏང་དང་མི་དམངས་ཀྱིས་ནམ་ཡང་ཁྱོད་ཚོ་བརྗེད་མི་སྲིད་ཞེས་གསུངས་པ་རེད། ཕུར་བུ་དོན་གྲུབ་ཀྱིས་ནན་གསུང་གནང་དོན། ད་ཆའི་ཆབ་མདོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་། སྤྱི་ཚོགས་རྒྱུན་བསྲིང་ངང་བརྟན་ལྷིང་། སྐྱེ་ཁམས་སྲུང་སྐྱོབ་ལེགས་པ། དམངས་འཚོར་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་གཏིང་ཟབ་སོང་བ། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་བྱུང་ཡོད། གྲུབ་འབྲས་འདི་དག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡང་དག་གི་མཛུབ་ཁྲིད་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད། ག་སྦྱར་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་འབད་འཐབ་བཅས་ལས་བྱུང་བ་ཡིན་ལ་རྒྱ་ཆེའི་ལས་འཁྱུར་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་དཀའ་སྤྱད་རྔུལ་ཁྲག་གཅིག་སྒྲིལ་ལས་བྱུང་བ་ཡང་ཡིན། རྒྱ་ཆེའི་ལས་འཁྱུར་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱིས་སྔ་མ་ནང་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རིན་ཐང་ཆེ་བའི་བསམ་འཆར་དང་རེ་བ་མང་ཙམ་བཏོན་ནས་ཐུན་མོང་ཐོག་ཆབ་མདོའི་འཕེལ་རྒྱས་བརྟན་ལྷིང་ལས་དོན་ལ་དེ་བས་ལེགས་ལ་ཏན་ཏིག་ངང་སྒྲུབ་པར་བྱ་རྒྱུའི་རེ་བ་བཏོན་ཡོད། སངས་རྒྱས་བཀྲ་ཤིས་དང་། ཐུབ་བསྟན་ཚེ་རིང་། རིན་ཆེན་མཚོ་མོ། བུ་ཐུབ་བསྟན། རིན་ཆེན་གཡང་འཛོམས། ཀྲའོ་ཅན་གོས། ཐུབ་དགའ་བཅས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱིས་རྩ་འཛུགས་ཀྱི་བྱམས་བརྩེའི་ཐུགས་ཁུར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ཆབ་མདོའི་ལས་དོན་ཁག་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད། གནམ་གཤིས་ཚ་གྲང་གང་རུང་དང་དུས་ཆེན་དང་ངལ་གསོ་གང་ཡིན་ཡང“གྲོང་ཁྱེར་མཛེས་བཟོ་བ”ཞེས་བརྗོད་པའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པས་སྒེར་སེམས་མེད་པའི་ལེགས་སྐྱེས་ལ་བརྟེན་ནས་གྲོང་ཁྱེར་གྱི་འཕྲོད་བསྟེན་གཙང་བཟོ་དང་གྲོང་ཁྱེར་གྱི་རྣམ་པ་མཛེས་བཟོ། གྲོང་ཁྱེར་གྱི་ཁོར་ཡུག་མཛེས་གཏོང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བཅས་བྱེད་ཀྱི་ཡོད། ཕུར་བུ་དོན་གྲུབ་དང་བཅས་པས་ཇ་རྟའི་ཐང་ཆེན་དུ་ལས་རེས་བྱེད་བཞིན་པའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པར་དཀར་གཙང་གི་མཇལ་དར་བསྒྲོན་ཞིང་བྱམས་བརྩེའི་ཕྱག་འཇུ་གནང་སྟེ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཁྲེན་ཅུན་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལིས་ཕིང་། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཝུན་ཧྲན་བཅས་ལྷན་དུ་འཚམས་འདྲི་ནང་ཞུགས་ཡོད།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག