ལོ་བདུན་རིང་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་འཕེལ་རྒྱས་མྱུར་པོ་བྱུང་བ།
- 2020-07-28
-
- ལོངས་སྤྱོད་ནས།
- 0ཐེངས།
མ་འཇོག་ལས་དར་གྱི་ཞིང་ས་གཤིན་པོ།
འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཟུར་ཞིག་ཡིན་པ།
ངོ་མཚར་གྱི་བོད་ཤར་གྱི་གཞི་ཆེ་མོའི་ཐོག་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་ལོ་བདུན་གྱི་འཕེལ་རྒྱས་ལམ་བུའི་ནང་རྫ་ཆུའི་འགྲམ་དང་རྒྱལ་ལམ་ལམ་རྒྱུད་དུ་ཁེ་ལས་ཆེ་ཆུང་སྣ་ཚོགས་འཕེལ་རྒྱས་བྱུང་ཡོད།
མ་འཇོག་མཁན་གྱི་ཞིང་ས་གཤིན་པོ།
ལོ་བདུན་རིང་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་དེ་མྱ་ངམ་ཐང་ཞིག་ནས་མ་འཇོག་མཁན་གྱི་ཞིང་ས་གཤིན་པོར་ཇི་ལྟར་གྱུར་པ་ཡིན་ནམ།
འགྲིམ་འགྲུལ་སྟབས་བདེ་དང་། ས་གནས་ཀྱི་ལེགས་ཆ་ལྡན་པ། གཟིགས་སྐྱོང་སྲིད་ཇུས། འཕེལ་རྒྱས་ཀྱི་གོ་སྐབས། དོན་གཉེར་ཞབས་ཞུ་བཅས་ལས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དེར་མ་འཇོག་ལས་དར་གྱི་ཁོར་ཡུག་བཟང་བ་དང་མ་འཇོག་མཁན་ཚང་མས་གདམ་ག་བྱེད་པའི་ཞིང་ས་གཤིན་པོ་ཞིག་ཏུ་གྱུར་ཡོད།
དབྱིན་ཏ་འཛུགས་སྐྲུན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སི་ནི་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཞུགས་པའི་ཁེ་ལས་དང་པོ་དེ་རེད། དབྱིན་ཏ་འཛུགས་སྐྲུན་རྒྱུ་ཆ་དེ་2014ལོའི་ཟླ་8ཚེས་20ཉིན་བསྐྲུན་པ་དང་2015ལོའི་ཟླ་11ཚེས་16ཉིན་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཨར་སྐྲུན་རྒྱུ་ཆ་གསར་པ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།
ལོ་ལྔའི་རིང་དབྱིན་ཏ་འཛུགས་སྐྲུན་རྒྱུ་ཆ་ཀུང་སི་འཕེལ་རྒྱས་ཇི་ལྟ་བུ་བྱུང་ཡོད་དམ།
གྲངས་གཞི་ལས་མངོན་པར། 2019ལོར་ཀུང་སི་དེས་ཨར་འདམ་ལུགས་མ་ཁྲི་4.2བཟོས་ནས་ཐོན་རྫས་རིན་ཐང་སྒོར་2100ཟིན་པ་དང་། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1714ཟིན་པ། ཁྲལ་སྒོར་ཁྲི་85.36འཇལ་བ་རེད། འདི་ལོའི་ལོ་སྟོད་དུ་ཨར་འདམ་ལུགས་མ་ཁྲི་2.4བཙོངས་ནས་ཡོང་འབབ་སྒོར་ཁྲི་1176བྱུང་ཡོད།
ཨེན་ཝུའེ་སྨན་རྫས་མ་རྐང་ཚད་ཡོད་ཀུང་སི་ནི་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཞུགས་སྔ་བའི་ཁེ་ལས་ཤིག་རེད། ལོ་བདུན་རིང་ཀུང་སི་དེ་འཕེལ་རྒྱས་ཡག་པོ་བྱུང་ནས། 2013ལོ་ནས་ད་བར་མཛོད་འཇུག་ཁྲལ་དངུལ་སྒོར་ཁྲི་28868.78བྱུང་བ་དང་འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་18120.07ཟིན་ནས་མཛོད་འཇུག་ཁྲལ་དངུལ་སྒོར་ཁྲི་1470.44མངོན་འགྱུར་བྱུང་ཡོད།
དབྱིན་ཏ་ཨར་པོའི་རྒྱུ་ཆ་དང་ཨེན་ཝུའེ་སྨན་རྫས་ཀུང་སི་དང་འདྲ་བར་འཕེལ་རྒྱས་མྱུར་བའི་ཁེ་ལས་གྲས་སུ་ད་དུང་ཆབ་མདོ་གྲོང་ཁྱེར་ཅུན་ཆིན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཏུའོ་ཏོན་སྨན་རྫས་མ་རྐང་ཚད་ཡོད་ཀུང་སི། བོད་ལྗོངས་ཆབ་མདོ་ཀོང་ཡུས་དམངས་ཕན་སྨན་རྫས་ཚད་ཡོད་འགན་འཁྲི་ཀུང་སི། བོད་ལྗོངས་ཆབ་མདོ་ཁྲང་ཧོ་ཅུས་ཤིན་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཡོད།
ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་སྐྲུན་འགོ་ཚུགས་པ་ནས་བཟུང་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས“འཚོལ་ཞིབ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་ཡག་པོ་ཐུབ་དགོས་པའི”འབོད་ཚིག་བཏོན་པ་དང《ཁེ་ལས་ཀྱི་རྗེས་སྙེག་ཞབས་ཞུའི་ལམ་ལུགས》བཟོས་ཏེ་མགོ་མཇུག་གཙང་སྒྲིལ་གྱི་ཞབས་འདེགས་ཞུས་པ་རེད། དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་སྨོན་ལམ་བཟང་པོས“དཀའ་སྤྱད་འབད་བརྩོན་བྱས་ནས་དེར་ཞུགས་པའི་ཁེ་ལས་ལ་ང་ཚོས་རོགས་སྐྱོར་བྱས་ཏེ་ཁྲིད་སྟོན་གང་ཙམ་བྱས་ནས་ཁེ་ལས་དེ་གར་གཞིས་ཚུགས་ཏེ་ལམ་ལྷོངས་ཡོང་བར་བྱེད་ཀྱི་ཡོད”ཅེས་བཤད། འདི་ལོའི་ཟླ་ལྔ་པའི་བར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཐོ་འགོད་བྱས་པའི་ཁེ་ལས་862ཡོད་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་227.4ཟིན་ནས་མཛོད་མཇུག་སྒོར་དུང་ཕྱུར་31.06ལེགས་སྒྲུབ་ཟིན་པ་རེད།
གསར་གཏོད་མཁན་གྱི་འབྱུང་གནས།
ཤེས་ལྡན་མི་སྣ་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་འཕེལ་རྒྱས་གཏོང་བའི་འགག་རྩ་རེད། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་པ་ནས་བཟུང་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དང་། ཁོར་ཡུག་ཡག་པོ། ཞབས་འདེགས་སྤུས་ལེགས་བཅས་ལ་བརྟེན་ནས་ཁུལ་གསར་དེ་ལས་གཏོད་མཁན་གྱི་ཕུགས་འདུན་གཏོད་སར་གྱུར་པར་བྱས་ཡོད།
2016ལོར་ནོར་བུ་རྒྱལ་མཚན་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་རྗེས་དུས་མཚམས་ཤིག་རིང་རྟོག་ཞིབ་དང་ལས་གཏོད་གསོ་སྦྱོང་བྱས་པ་བརྒྱུད། ཁོང་གིས་སྲིད་གཞུང་ལ་སྒོར་ཁྲི་5ཡི་ལས་གཏོད་མ་དངུལ་རེ་ཞུ་བྱས་ནས་2018ལོའི་ཟླ་7པར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་Eཁུལ་དུ་ཁ་རུབ་ཆུས་ཀྱི་རླངས་འཁོར་འཁྲུད་ཁང་ཞིག་བཙུགས།
“ཚོང་གཉེར་ལོ་གཉིས་བྱས་པ་བརྒྱུད། རླངས་འཁོར་འཁྲུད་ཁང་དེའི་ཚོང་ལམ་ལྷོངས་བྱུང་ནས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། དུད་ཚང་དབུལ་པོ་འགའ་ཞིག་གི་འབབ་འཕར་ལ་ཡང་སྣེ་ཁྲིད་ཐུབ་བྱུང་། ངའི་རླངས་འཁོར་འཁྲུད་ཁང་ཆུང་ཆུང་འདི་དུས་བབ་བཟང་པོར་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་རེད”ཅེས་ལས་གཏོད་ལམ་ལྷོངས་བྱུང་བའི་ནོར་བུ་རྒྱལ་མཚན་གྱིས་དགའ་ཚོར་ངང་བཤད།
ནོར་བུ་རྒྱལ་མཚན་ལས་གཏོད་ལམ་ལྷོངས་བྱུང་བ་དེ་སློབ་ཐོན་སློབ་མའི་ལས་གཏོད་སྐོར་གྱི་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་དང་ཁ་འབྲལ་ཐབས་མེད་ལ་ཐོག་མཐའ་བར་གསུམ་དུ་ཁོང་ལ་མཛུབ་ཁྲིད་བྱེད་མཁན་ཧྥུའུ་ཅན་དང་ཆབ་མདོའི་ཀུན་གཏོད་བར་མཐོངས་དང་དེ་བས་ཁ་འབྲལ་ཐབས་མེད།
ཧྥུའུ་ཅན་དང་ཆབ་མདོའི་ཀུན་གཏོད་བར་མཐོངས་ནི་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་ཀུན་གཏོད་བར་མཐོངས་དང་པོ་དེ་རེད།
2016ལོའི་གོང་ཆབ་མདོར“གཉིས་གཏོད”ལས་སྟེགས་གཅིག་ཀྱང་མེད།
ཧྥུའུ་ཅན་དང་ཆབ་མདོའི“གཉིས་གཏོད”བར་མཐོངས་ནི་གྲོང་ཁྱེར་ཡོངས་ཀྱི་གཉིས་གཏོད་བར་མཐོངས་དང་པོ་དེ་རེད།
མིག་སྔའི་བར་ཧྥུའུ་ཅན་དང་ཆབ་མདོའི་ཀུན་གཏོད་བར་མཐོངས་ཀྱིས་ཁེ་ལས་202བསྡུས་ནས་གསོ་སྦྱོང་ཐེངས་92བྱས་པས་ཁེ་ལས་16ལམ་ལྷོངས་བྱུང་བ་དང་མི་2000ལྷག་ཙམ་ལ་ལས་ཞུགས་སྣེ་ཁྲིད་ཐུབ་ཡོད།
ཧྥུའུ་ཅན་དང་ཆབ་མདོའི་ཀུན་གཏོད་བར་མཐོངས་ཀྱི་གཞུང་ལས་ཁང་གཅིག་ཏུ་ན་གཞོན་ལས་གཏོད་པ་བསྟན་འཛིན་ཉི་མ་ལས་ལ་གཞོལ་བཞིན་ཡོད།
ལས་གཏོད་མཁན་ཞིག་གི་ངོས་ནས། ཁོང་ནི་ལམ་འགྲོ་རྒྱུག་མཁན་ཞིག་རེད། ཐེན་ཅིན་སློབ་ཆེན་ཚོང་དོན་དོ་དམ་ཆེད་ལས་ནས་ཐོན་པའི་ཁོང་2017ལོར་ཆབ་མདོར་ལོག་ནས་རྩི་ཤིང་ནས་སྨན་རྒྱུ་བསྡུ་ལེན་བྱེད་པའི་ཞིབ་འཇུག་བྱེད་མཁན་ཚན་ཞིབ་མི་སྣ་འགའ་ཞིག་དང་མཉམ་དུ་ཆབ་མདོ་གྲོང་ཁྱེར་རུན་མེ་རུའེ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས།
ལོ་ཤས་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད། ཀུང་སི་དེ་རྒྱུན་གཏན་གྱི་འཕེལ་རྒྱས་ལམ་བུར་སྐྱོད་ཐུབ་པ་བྱུང་ཡོད། བསྟན་འཛིན་ཉི་མས“མིག་སྔར་ཀུང་སིའི་བོད་སྨན་རྒྱུ་ཆ་སྤྱིར་ན་འཕེལ་རྒྱས་ཡག་པོ་བྱུང་བ་དང་ཐོན་སྐྱེད་བརྒྱུད་རིམ་ལེགས་སྒྲིག་གི་དུས་མཚམས་སུ་སླེབས་པས་སྔོན་དཔག་བྱས་ན་ཟླ་འདིའི་ནང་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པས་སྐབས་དེར་བཟོ་པ་6དང་ལས་རོགས་གཅིག་བསྡུ་ཡི་ཡིན། ཀུང་སིའི་མི་གྲངས་25ཟིན་གྱི་རེད”ཅེས་བཤད།
བསྟན་འཛིན་ཉི་མ་དང་འདྲ་བར་ད་དུང་རྣམ་རྒྱལ་ཚེ་མཚོ་དང་། དབང་འདུས། བློ་བཟང་རྡོ་རྗེ་སོགས་ལས་གཏོད་བྱེད་མཁན་མང་པོ་ཞིག་གི་ཆབ་མདོའི་ཁུལ་གསར་དུ་ཕུགས་འདུན་གཏོད་བཞིན་ཡོད།
ལས་ཞུགས་མཁན་གྱི་དགའ་ཚལ།
ཁྲང་ཧོ་ཅུས་ཤིན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིར་གདེང་འཇོག་བཟང་པོ་ཐོབ་པའི་ལས་བཟོ་ཞིག་ཡོད། ཁོང་ནི་འདི་ལོའི་ཟླ་3པར་ལས་ཀར་ཞུགས་པའི་དཀོན་མཆོག་སྒྲོལ་མ་རེད།
2019ལོར་བོད་ལྗོངས་སློབ་ཆེན་ནོར་དཔལ་ཆེད་ལས་ཐོན་པའི་དཀོན་མཆོག་སྒྲོལ་མ་འདི་ལོའི་ཟླ་2པར་གྲོང་ཁྱེར་ལས་ཞུགས་ཅུས་ཀྱིས་ཁྲང་ཧོ་ཅུས་ཤིན་ཏུ་ལས་ཀ་བྱེད་པར་སྐྱོད་པའི་འོས་སྦྱོར་བྱས། ངོ་རྒྱུགས་ཐེངས་མང་བཏང་བ་བརྒྱུད་ཁོང་ཀུང་སི་དེའི་ནོར་དོན་ལས་ཀ་བྱེད་མཁན་ཞིག་ཏུ་གྱུར་ནས་ཟླ་རེར་གླ་ཆ་སྒོར་5000ཡོད།
དཀོན་མཆོག་སྒྲོལ་མ་ཕུད་ཁྲང་ཧོ་ཅུས་ཤིན་ཏུ་ད་དུང་ས་གནས་དེ་གའི་ལས་བཟོ་11ཡོད་པ་ཚང་མ་ནི་སློབ་ཆེན་ཐོན་པའི་སློབ་མ་ཤ་སྟག་རེད། ཁོང་ཚོ་ཕྱིར་ཚོང་དང་འཁོར་ཁང་གི་འཐབ་ས་དང་པོ་སོགས་སུ་ལས་ཀ་བྱེད་ཀྱི་ཡོད་པས་ཀུང་སི་དེའི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ལ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཁུལ་གསར་དོ་དམ་ཨུ་ལྷན་གྱིས་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ཏེ་ཁེ་ལས་ལ་ལས་མི་འོས་སྦྱོར་དང་ས་གནས་དེ་གའི་མཉམ་ལས་ཁང་ལ་འདེགས་སྐྱོར་བྱས་ཏེ་མང་ཚོགས་སྐྱེལ་འདྲེན་ལས་ལ་ཞུགས་པ་དང་བཟོ་གྲྭར་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད།
ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་དང་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧོ་ཡུས་ཧྲེང་གིས་ཁྲང་ཧོ་ཅུས་ཤིན་བཟོ་གྲྭའི་འཁྲིས་སུ་གནས་པའི་ཆབ་མདོ་ཀོང་ཡུས་དམངས་ཕན་སྨན་རྫས་ཚད་ཡོད་ཀུང་སིར་མཛུབ་མོ་འཛུགས་བཞིན“ཀུང་སི་དེར་ས་གནས་དེ་གའི་ལས་བཟོ་40ལྷག་ཙམ་ཡོད་པའི་ནང་སློབ་ཆེན་ཐོན་པའི་སློབ་མའི་གྲངས་འབོར་མང་ཤོས་རེད”ཅེས་བཤད།
ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་ནི་གྲོང་ཁྱེར་ཡོངས་ཀྱི་ཁུལ་གསར་ཡིན་པ་དང་མང་ཚོགས་དེ་བས་མང་བ་ཁྱབ་འགྱེད་སྣེ་ཁྲིད་ཀྱིས་ལས་ཞུགས་གཞན་སྒྱུར་བྱེད་པ་ནི་ལྡོག་མེད་ཀྱི་འགན་འཁྲི་ཞིག་རེད། བསྡོམས་རྩིས་བྱས་པ་བརྒྱུད་ད་བར་ཆབ་མདོ་ཁུལ་གསར་གྱིས་མི་ཐེངས་700ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱས་ཡོད།
ད་ལོ་ལོ་53ལ་སླེབས་པའི་ཨ་མོ་ནི་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ལྕགས་ཁ་གྲོང་ཚོའི་ས་ཞིང་བསྡུ་ལེན་དང་བཤིག་སྤོའི་ས་ཆ་ཤོར་བའི་མང་ཚོགས་རེད། ས་ཞིང་བསྡུས་རྗེས་ཁོང་གིས་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཁོར་ཡུག་སྲུང་སྐྱོང་རུ་ཁག་ཏུ་ཞུགས་ནས་གད་པ་ཞིག་བྱས། 2019ལོའི་ཟླ་7པར་ཁུལ་གསར་གྱི་དོ་དམ་སྲུང་སྐྱོང་ལས་དོན་དེ་པེ་ཁུང་པིང་ནན་ཧུང་ཀྲན(ཁྲུང་ཆིང)ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཐོན་ལས་མ་རྐང་ཚད་ཡོད་ཀུང་སི་ཆབ་མདོ་ཡན་ལག་ཀུང་སིས་རྩིས་བླངས་ནས་ཀུང་སི་དེའི་གད་པ་ཞིག་ཏུ་གྱུར་ཏེ་ཟླ་རེར་གླ་ཆ་སྒོར་2300ཡོད་པ་རེད།
མིག་སྔར་ཀུང་སི་དེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁྱབ་ཁོངས་ནང་གི་ས་ཞིང་བསྡུ་ལེན་དང་བཤིག་སྤོའི་ས་ཆ་ཤོར་བའི་མང་ཚོགས་15ཡོད་པ་དེ་དག་ལ་ཟླ་རེར་གླ་ཆ་སྒོར་2300ནས་5000བར་ཡོད་པ་རེད།
དཔལ་འབྱོར་གསར་སྤེལ་ཁུལ་Bཁུལ་དུ་གནས་པའི་འདམ་སྐྱོ་གྲོང་ཚོ་དང་ཁུལ་གསར་དོ་དམ་ཨུ་ལྷན་དབར་རྫ་ཆུས་བར་བཅད་པ་དེ་ནི་དཔལ་འབྱོར་གསར་སྤེལ་ཁུལ་ལ་བརྟེན་ནས་ལས་མི་ཡོངས་ལས་ཞུགས་ཐུབ་པ་དང་འཕེལ་རྒྱས་བྱུང་བའི་དཔེ་མཚོན་གྲོང་སྡེ་ཞིག་རེད། གྲོང་ཚོ་དེར་མངགས་པའི་ཀྲི་པུའུ་ཧྲུའུ་ཅི་ཁྲེང་ལེས་ངོ་སྤྲོད་བྱས་པར། གྲོང་ཚོ་ཡོངས་སུ་དུད་ཚང་173གྱི་མི་622ཡོད་པའི་ནང་གསར་སྤེལ་ཁུལ་དུ་གླ་པ་རྒྱུག་མཁན་150ལྷག་ཙམ་ཡོད།
དབུལ་སྒྲོལ་དུད་ཚང་བློ་བཟང་བྱམས་པ་ནི་འདམ་སྐྱོ་གྲོང་ཚོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བའི་དཔེ་མཚོན་ཞིག་རེད།
2015ལོར་བློ་བཟང་བྱམས་པ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བདམས། ཁུལ་གསར་དུ་འཕེལ་རྒྱས་མགྱོགས་པོ་ཕྱིན་པའི་གོ་སྐབས་ཏག་ཏག་ཕྲད་ནས་བློ་བཟང་བྱམས་པས་སྔོན་ལ་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་ལ་ཞུགས་པ་དང་དེ་རྗེས་དངུལ་བུན་གཡར་ནས་ཁ་བབ་ཙམ་གྱི་ཟོག་འདྲེན་རླངས་འཁོར་ཞིག་ཉོས་ཏེ་ཁུལ་གསར་གྱི་རྨང་གཞིའི་འཛུགས་སྐྲུན་གྱི“སྐྱེལ་འདྲེན་རུ་ཆེན”ལ་ཞུགས་པ་རེད།
ད་ཆ་ཁྱིམ་དུ་རླངས་འཁོར་གསུམ་ཡོད་པ་དང་ལོ་རེར་མ་མཐར་ཡང་ཡོང་འབབ་སྒོར་ཁྲི་9ཙམ་ཡོད། ཁོང་གི་བུ་ཚེ་རིང་མཐར་ཕྱིན་འདི་ལོ་ཅང་ཤིས་གྱོན་ཆས་སློབ་གླིང་ནས་ཐོན་ཏེ་དཔལ་འབྱོར་གསར་སྤེལ་ཁུལ་མེ་ཟོན་རུ་ཁག་ཏུ་བདེ་བླག་ངང་རྒྱུགས་འཕྲོད་ཡོད།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག