མཐུན་སྒྲིལ་གྱི་ལྗོན་ཤིང་ལ་སྤུན་ཟླ་ཡི་མེ་ཏོག་བཞད་པ།

  • 2020-05-26
  • ལོངས་སྤྱོད་ནས།
  • 0ཐེངས།

འདི་ནི་ཤོ་པ་མདོའི་གྲོང་མིས་ཡུལ་སྐོར་བ་དང་མཉམ་དུ་མཐུན་སྒྲིལ་ལྗོན་ཤིང་མདུན་དུ་མཉམ་པར་བསྐྱོན་པ།

ཞོགས་པའི་མཚམས་སྤྲིན་སྟུག་པོར་འཁྲིགས་པའི་སྐབས་སུ་ཤོ་པ་མདོ་གྲོང་རྡལ་གྱི་ཨར་འདམ་གཞུང་ལམ་གཡས་གཡོན་དུ་བཙུགས་པའི“བོད་རྒྱ་མི་རིགས་ཀྱི་མཐུན་སྒྲིལ་ལྗོན་ཤིང”གསར་འགོད་པའི་མིག་ལམ་དུ་འཆར།

ཤོ་པ་མདོ་གྲོང་རྡལ་ནི་ཇ་རྟའི་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་ལ་ཁྲོན་བོད་ལམ་བུ་གཙོ་བོའི་གྲོང་རྡལ་གལ་ཆེན་གྱི་གྲས་ཀྱང་རེད།

ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་མཉམ་འདྲེས་ཀྱི་སྲོལ་རྒྱུན་དེ་སྔ་ཤོས་སུ་ཆིང་རྒྱལ་རབས་ནས་དར་འགོ་ཚུགས་པ་དང་། 1910ལོར་སི་ཁྲོན་གྱི་སྤྱི་ཁྱབ་ཀྲོར་ཧྥུང་གི་དཔུང་སྡེ་ཞིག་རྒྱུ་རྐྱེན་གང་རུང་གིས་རྐྱེན་པས་ཤོ་པ་མདོ་རྫོང་དུ་སྡོད་དགོས་བྱུང་། དམག་མི་ལ་ལ་ས་གནས་དེ་གའི་བུ་མོ་དང་གཉེན་སྒྲིག་བྱས་རྗེས། རྒྱ་རིགས་ཀྱི་འཚོ་བའི་གོམས་གཤིས་གང་མང་གནས་དེར་དར། ཉེ་བའི་ལོ་ཤས་རིང་། ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་ཁག་དབར་གཉེན་འབྲེལ་ཇེ་མང་དུ་སོང་བ་དང་། མིག་སྔར་བོད་རིགས་ཀྱིས་གཙོས་རྒྱ་རིགས་སོགས་མི་རིགས་མང་པོ་མཉམ་གནས་ཀྱི་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ཁུལ་ཞིག་ཆགས་པ་དང་གྲོང་རྡལ་དུ་མི་རིགས་མི་འདྲ་བ་གཉེན་འབྲེལ་ཆགས་པའི་དུད་ཁྱིམ32ཡོད།

“བོད་རྒྱ་མི་རིགས་ཀྱི་མཐུན་སྒྲིལ་ལྗོན་ཤིང”དུ་གྲགས་པ་དེ་ནི་མཉམ་དུ་བཏབ་པའི་སྦྱར་པ་དང་རྒྱ་ལྕང་སྡོང་རྐང་གཉིས་ཡིན་ཞིང་། ཤོ་པ་མདོ་གྲོང་ཚོའི་ངག་རྒྱུན་དུ་བོད་རྒྱའི་ཁྱོ་ཤུག་གཉིས་ཀྱིས་ལྗོན་ཤིང་དེ་གཉིས་བཏབ་སྟེ། ལོ་རེའི་ལོ་གསར་གཏོང་དུས་རྒྱ་བོད་ཁྱིམ་ཚང་དག་ཤིང་སྡོང་དེའི་མདུན་དུ་སོང་ནས་གསོལ་བ་སྨོན་ལམ་འདེབས་ཀྱིན་ཡོད།

ཤོ་པ་མདོ་བ་དང་མི་རིགས་གཞན་དབར་འབྲེལ་འདྲིས་རྒྱ་ཁྱབ་བྱུང་བ་དེ། དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་སྐབས་སུ་ཡིན་པ་དང་། 1950ལོའི་ཟླ་11པར་དམག་སྡེ་བཅོ་བརྒྱད་པས་ཆབ་མདོར་བཅིངས་འགྲོལ་བཏང་རྗེས་ཧྲི་ཤོག་52ཀྱི་ཐོན་154ཡི་དམག་སྒར་ཞིག་ད་ལྟའི་ཤོ་པ་མདོ་གྲོང་རྡལ་དུ་བཅའ་སྡོད་བྱས་པ་རེད། བཅའ་སྡོད་བྱས་རིང་དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་ཚོས་ཤོ་པ་མདོའི་ལུང་ཤུར་དུ་བཏབས་པའི་རྒྱ་ལྕང་ཆེན་པོ་དང་ཆུ་བོའི་ངོགས་ཀྱི་མུའུ300ཟིན་པའི་རྨོ་ཞིང་ནི་དམག་སྡེ་བཅོ་བརྒྱད་པས་ཡུལ་ཕྱོགས་ཤིག་གི་མི་སེར་ལ་ཕན་པ་བསྐྲུན་པའི་དཔང་པོ་དངོས་ཤིག་དེ་བས་རེད། ད་ལྟ་ངེད་གྲོང་ཁྱེར་ཡོངས་སུ་ཤོ་པ་མདོ་ལྟ་བུའི་ཤང་གྲོང་སྔར་བས་ཇེ་མང་དུ་འགྲོ་བཞིན་ཡོད་ལ་མང་ཚོགས་ཧུར་ཐག་ངང་ཞོད་འཇགས་འཛུགས་སྐྲུན་ནང་ཞུགས་ཀྱིན་ཡོད།

ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག