དྲ་ཐོག་ཚོང་དོན་གྱི་བཅའ་ཁྲིམས་བཟོས་པ་ལས་ང་ཚོར་ཕན་པ་གང་ཞིག་ཐོབ་སྲིད་དམ།གཏའ་དངུལ་ཕྱིར་སློག་དཀའ་པོ་མིན།
- 2019-03-25
-
- ལོངས་སྤྱོད་ནས།
- 0ཐེངས།
2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲ་ཐོག་ཚོང་དོན་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་པ་དེ་ནི་ཀྲུང་གོའི་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཐོག་མ་དེ་ཡིན་ཞིང་། མི་སྒེར་གྱིས་ཚབ་ཉོ་དང་། རྩིས་རྒྱག་པ། ཉེ་འགྲམ་མིར་མགོ་སྐོར་གཏོང་བ་སོགས་གླེང་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཚང་མར་གཏན་འབེབས་བཟོས་ཡོད་པ་རེད། བཅའ་ཁྲིམས་ཡིག་ཆ་ནས་ཁྲིམས་སྐྱོང་ལག་ལེན་གྱི་བརྒྱུད་རིམ་ཁྲོད་མི་རྣམས་ཀྱིས་དྲ་ཐོག་ཚོང་དོན་གྱི་བཅའ་ཁྲིམས་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། དྲ་ཐོག་ཚོང་དོན་གྱི་ལས་རིགས་འཕེལ་རྒྱས་དང་དར་རྒྱས་ཆེན་པོ་བྱུང་བ་དང་ཆབས་ཅིག བཟང་ངན་མཉམ་འདྲེས་ཀྱི་རྣམ་པ་ཐོན་ཡོད། ཁ་བསླུས་རྒྱག་པ་དང་། དྲིལ་བསྒྲགས་རྫུས་མ་བྱེད་པ། ཞན་པས་ལེགས་པའི་ཚབ་བྱེད་པ། རྩིས་རྒྱག་པ་དང་ཉེ་འགྲམ་གྱི་མིར་མགོ་སྐོར་གཏོང་བ་སོགས་ཀྱི་གནད་དོན་རྒྱུན་ཆད་མེད་པར་ཐོན་ནས། རྒྱ་ཆེའི་འཛད་སྤྱོད་པར་མགོ་རྙོག་བཟོ་བ་དང་གནོད་འཚེ་ཚབས་ཆེན་གཏོང་བ་མ་ཟད། ཚབས་ཆུང་བར་རྒྱུ་ནོར་གྱི་གྱོང་གུན་ཕོག་པ་དང་ཚབས་ཆེ་བར་མི་ལུས་བདེ་འཇགས་དང་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད་པ་རེད། དེ་ཙམ་མ་ཟད་ད་དུང་དྲ་ཐོག་ཚོང་དོན་གྱི་ཟང་ཟིང་གི་སྣང་ཚུལ་དང་སྣང་ཚུལ་དེ་རིགས་གང་སར་མཆེད་པ་ལས་དྲ་ཐོག་ཚོང་དོན་གྱི་ལས་རིགས་འཕེལ་རྒྱས་ཀྱི་སྒྲིག་ལམ་ཟང་ཟིང་དུ་གྱུར་ནས་དྲ་ཐོག་ཚོང་དོན་ལས་རིགས་ཀྱི་ཁ་དན་ཚིག་གནས་ཀྱི་ཉོ་ཚོང་ཁོར་ཡུག་མེད་པ་ཆགས་ཀྱི་ཡོད། དེ་ཐོག་ནས་དྲ་ཐོག་གི་ཁེ་ཕན་ཁོ་ནར་བརྔམས་ནས་རྒྱུ་འབྲས་མི་བརྩི་བའི་ཚོང་ཁང་ཁག་གཅིག་ནི་འཛད་སྤྱོད་པར་གནོད་འཚེ་གཏོང་མཁན་གཏེ་པོ་ཡིན་ཅིང་། དྲ་ཐོག་ཚོང་དོན་གྱི་ཟང་ཟིང་གི་སྣང་ཚུལ་དེ་རིགས་ལ་གནོད་འཚེ་ཁོ་ན་་ལས་ཕན་པ་གཅིག་ཀྱང་མེད། ཁོང་ཚོ་ནི་འཛད་སྤྱོད་པའི་དགྲ་བོ་ཡིན་ལ་དྲ་ཐོག་ཚོང་དོན་ལས་རིགས་ལ་གནོད་འཚེ་གཏོང་མཁན་ཡང་ཡིན་པས་ངེས་པར་དུ་མེད་པ་བཟོ་དགོས། རྒྱབ་ལྗོངས་དེ་ལྟ་བུའི་འོག་དྲ་ཐོག་ཚོང་དོན་གྱི་བཅའ་ཁྲིམས་བཟོས་པ་ནི་དུས་ཐོག་ཆར་པ་ལྟ་བུ་ཞིག་རེད་ཅེས་བརྗོད་ཆོག
ཉེ་དུས་ཐོན་པའི་གླེང་མང་བའི་ofoརྐང་འཁོར་སེར་པོའི་གཏའ་དངུལ་ཕྱིར་སློག་དཀའ་བའི་གནད་དོན་དེར་གོ་ཆོད་མ་ཐག་པའི་དྲ་ཐོག་ཚོང་དོན་གྱི་བཅའ་ཁྲིམས་སུ་ཐག་གཅོད་བྱེད་ཐབས་བཏོན་ཡོད། བཅའ་ཁྲིམས་དེར“དྲ་ཐོག་ཚོང་དོན་གཉེར་སྐྱོང་བྱེད་མཁན་གྱིས་ཁ་ཆད་བྱས་པ་ལྟར་འཛད་སྤྱོད་པའི་ས་ནས་གཏའ་དངུལ་ལེན་པ་རྣམས་ཕྱིར་སློག་ཐབས་དང་གོ་རིམ་གསལ་པོ་བཟོ་དགོས་པ་ལས། གཏའ་དངུལ་ཕྱིར་སློག་པར་ལུགས་དང་མི་མཐུན་པའི་ཆ་རྐྱེན་བཟོ་མི་རུང་། འཛད་སྤྱོད་པས་གཏའ་དངུལ་ཕྱིར་སློག་པའི་རེ་བ་ཞུས་པ་དེ་གཏའ་དངུལ་ཕྱིར་སློག་པའི་་ཆ་རྐྱེན་དང་འཚམ་ཚེ་དྲ་ཐོག་ཚོང་དོན་གཉེར་སྐྱོང་པས་དུས་ཐོག་ཏུ་སློག་་དགོས་ངེས་ཡིན་པ”གཏན་འབེབས་ཁ་གསལ་བཟོས་ཡོད། གཏའ་དངུལ་ཕྱིར་སློག་དཀའ་བ་དང་ཕྱིར་སློག་མི་པའམ་ཡང་ན་ཕྱིར་སློག་གི་ཚད་གཞི་བཟོ་བ་སོགས་གནད་དོན་སྣ་ཚོགས་ལ་དྲ་ཐོག་ཚོང་དོན་བཅའ་ཁྲིམས་སུ“འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་དུས་བཀག་ཐོག་དག་ཐེར་བྱེད་དགོས་པའི་བཀའ་བཏང་ནས་དངུལ་ཆད་སྒོར་ཁྲི་ལྔ་ཡན་ཆད་ནས་སྒོར་ཁྲི་ཉི་ཤུ་མན་ཆད་བར་གཏོང་ཆོག་པ་དང་གནད་དོན་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཁྲི་ཉི་ཤུ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་ཆད་བར་གཏོང་ཆོག་པའི”གཏན་འབེབས་ཁ་གསལ་བཟོས་ཡོད།
དྲ་ཐོག་ཚོང་དོན་གྱི་བཅའ་ཁྲིམས་བཏོན་པ་དང་ལག་བསྟར་བྱས་པ་དེ་ནི་དྲ་ཐོག་ཚོང་དོན་གྱི་ཁྲིམས་སྐྱོང་ལོ་དང་པོ་འགོ་ཚུགས་ཞིག་ཡིན་པ་དང་ཁྲིམས་སྲོལ་དེ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་བསྟུན་ནས་དེ་སྔ་མི་རྣམས་ལ་དཀའ་ངལ་ཆེན་པོ་བཟོ་བའི་དྲ་ཐོག་ཚོང་དོན་གྱི་གནད་དོན་ཐག་གཅོད་ཐུབ་ལ་མི་རྣམས་ལ་ཁྲིམས་སྐྱོང་དྲ་ཐོག་ཚོང་དོན་གྱི་རྣམ་པ་གསར་རྐྱང་ཞིག་གཏོད་ཐུབ་ངེས་རེད།
ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག